(པར་ངོས་དང་པོར་མཐུད)ནོར་བུ་གླིང་ཁར་ཡུལ་སྐོར་དུ་ཡོང་མཁན་གྲོང་མི་མང་ཚོགས་རྒྱུན་ཆད་མེད་པ་དང་། གྲོང་མིས་གྲོགས་པོ་དང་སྤུན་མཆེད་སོགས་དང་མཉམ་དུ་སྤང་ལྗོངས་ཐོག་གླིང་ཁ་གཏོང་བ་དང་། ཁག་གཅིག་གར་སྟེགས་ཀྱི་མཐའ་བསྐོར་ནས་ལྷ་མོའི་འཁྲབ་སྟོན་གཟིགས་ཀྱི་ཡོད། ད་ཐེངས་ཀྱི་ལྷ་མོའི་འཁྲབ་སྟོན་ནི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྟེ་ཉང་བྲན་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་གསེས《ཆོས་རྒྱལ་ནོར་བཟང》དང《པདྨ་འོད་འབར》ཡིན་ཞིང་། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་ལྷ་མོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་ཐུབ་པ་བྱུང་ཡོད།
རིག་གནས་གསར་གཏོད་ཚོང་འདུས་ཀྱིས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། བོད་ཀྱི་ས་གནས་འདི་གའི་རིག་གནས་གསར་གཏོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་། རིགས་ཕུན་སུམ་ཚོགས་པ། སྒྱུ་རྩལ་རང་བཞིན་དང་ཉེར་སྤྱོད་རང་བཞིན་ལྡན་པའི་གསར་གཏོད་ཐོན་རྫས་རིགས་10ལྷག་ཙམ་དང་སྣ་ཁ་500ལྷག་ཙམ་ལས་ལྟད་མོ་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་ཐུབ་པ་དང་། མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད།
ད་ཐེངས་རིག་དངོས་ལ་གཟིགས་དཔྱད་དང་། རིག་གནས་གསར་གཏོད་ཚོང་འདུས་དང་ལྷ་མོའི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད།ལྔ་གཅིག་དུས་ཆེན་རིང་རིག་གནས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ལ་རིག་གནས་ཉམས་ལེན་ཁྲོད་དུས་ཆེན་གྱི་རྣམ་པ་ཟབ་མོ་མྱོང་ཚོར་ཐུབ་པ་དང་། རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་རྣམས་ལ་རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་པ། རིག་དངོས་ལ་གསོན་ཤུགས་འཕེལ་བ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་ཐུབ་པ་བཅས་བྱུང་ཡོད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社