ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ང་ཚོ་མཉམ་དུ་ལྷ་སར་ཡུལ་སྐོར་བྱས་ནས་ལྷ་སའི་མཚན་མོའི་རྣམ་པ་མི་འདྲ་བར་ཉམས་ལེན་བྱེད། ཟླ་5ཚེས་1ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་གྱིས་མཚན་མོ་རྐང་འཁོར་བཞོན་ནས་ལྷ་ས་བསྐོར་ཞེས་པའི་དགའ་ནེའུ་བྱེད་སྒོ་འགོ་ཚུཊ་པའི་མཛད་སྒོ་འཚོཊ་པ་རེད།
གྲོང་ཁྱེར་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་གིས་ཤིས་ཚིག་གསུངས་པ་དང་འབྲེལ་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
ཁྲེན་ཅིང་གིས་ལྷ་སའི་མཚན་མོར་སྔར་བས་འཁྲུག་ཆ་དོད། ལྷ་སའི་མཚན་མོ་ནི་ཐུན་མོང་མ་ཡིན་པའི་གྲོང་ཁྱེར་གྱི་མཚན་མོའི་ཡུལ་ལྗོངས་དང་བག་ཕེབས་སྤྲོ་སྣང་གི་རྣམ་པའི་ཐོག་ནས་གྲོང་མི་དང་ཡུལ་སྐོར་བ་ཚང་མའི་ཡིད་དབང་བཀུག་ཡོད། དེ་རིང་དགོང་མོ་ཚང་མ་མཛེས་སྡུག་ལྡན་པའི་ལྷ་སའི་སྐྱིད་ཆུའི་ངོགས་དང་བརྗིད་ཆགས་ཡིད་འོང་གི་ཕོ་བྲང་པོ་ཏ་ལའི་ཕར་ངོཊ་སུ་འཛོམས་ནས་མཚན་མོ་རྐང་འཁོར་བཞོན་ནས་ལྷ་ས་བསྐོར་ཞེས་པའི་དགའ་ནེའུ་བྱེད་སྒོ་འགོ་ཚུཊ་པར་ཐུན་མོང་ཐོག་བདེན་དཔང་བྱས་ཤིང་། དེས་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་པར་མ་ཟད། རྒྱལ་ཡོངས་ལ་མཚན་མོ་རྐང་འཁོར་བཞོན་ནས་ལྷ་ས་བསྐོར་བ་དང་ལྷ་སར་ཡུལ་སྐོར་བྱ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་གདན་ཞུ་བྱ་རྒྱུ་ཡིན་ཞེས་གསུངས།
མཚན་མོ་རྐང་འཁོར་བཞོན་པ་ནི་སྤྱི་ཚོགས་ཀྱི་དར་སྲོལ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社