分享按钮

ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས། བོད་ཟས་ཀྱི་བྲོ་བ་ ཞེས་པའི་ཞིམ་ཟས་ཁྲོམ་གཞུང་སྒོ་ཕྱེ་བ།

ཤའོ་ཡིའུ་ཚའེ་མཛད་སྒོར་ཞུགས་པ་དང་འབྲེལ་མཚན་མོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

ཟླ་5ཚེས་2ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས། བོད་ཟས་ཀྱི་བྲོ་བ་ཞེས་པའི་ཞིམ་ཟས་ཁྲོམ་གཞུང་སྒོ་ཕྱེ་བའི་མཛད་སྒོ་སྣེའུ་ཁུལ་གསར་ལྷ་སའི་དབྱིངས་ཚོང་ལས་ཁྲོམ་གཞུང་ཁུལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཁྲོམ་གཞུང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་མཚན་མོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད། པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་ལས་དོན་མི་སྣ་དང་གླེང་མོལ་བྱས་ནས་གཉེར་སྐྱོང་གི་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་2ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས། བོད་ཟས་ཀྱི་བྲོ་བ་ཞེས་པའི་ཞིམ་ཟས་ཁྲོམ་གཞུང་སྒོ་ཕྱེ་བའི་མཛད་སྒོ་དེ་སྣེའུ་ཁུལ་གསར་ལྷ་སའི་དབྱིངས་ཚོང་ལས་ཁྲོམ་གཞུང་ཁུལ་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཁྲོམ་གཞུང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་མཚན་མོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་པ། གྲོང་ཁྱེར་གྱི་དཔལ་འབྱོར་ལེགས་སུ་གཏོང་བ་བཅས་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣོན་དགོས།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-04 ཞུས་ཀྲི་ཐའོ་དང་། ཝང་ཆང་། ཅང་ཧྭ། ཧྲི་ཁྲེང་ཧྭ། ཧོ་ཕུང་། འཇམ་དབྱངས་བློ་གྲོས་བཅས་མཛད་སྒོར་ཞུགས་པ། ཤའོ་ཡིའུ་ཚའེ་མཛད་སྒོར་ཞུགས་པ་དང་འབྲེལ་མཚན་མོའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ། 6 6 拉萨日报藏文 c180405.html 1 ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས། བོད་ཟས་ཀྱི་བྲོ་བ་ ཞེས་པའི་ཞིམ་ཟས་ཁྲོམ་གཞུང་སྒོ་ཕྱེ་བ། /enpproperty-->