分享按钮

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚེ་རིང་།

ལོ་40ལྷག་ཙམ་རིང་སྐྱེད་ཚལ་དུ་རྩ་བ་ཚུགས་དོན་ནི་གྲོང་ཁྱེར་གྱི་མཛེས་ཉམས་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན་པ།

ཚེ་རིང་ནི་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་སྔོ་འགྱུར་མ་འཇོག་ལས་གྲྭ་ཚད་ཡོད་ཀུང་སིའི་སྔོ་འགྱུར་རུ་ཁག་དང་པོའི་རུ་དཔོན་ཡིན་ཞིང་། ལས་ཀར་ཞུགས་ནས་ལོ་བཞི་བཅུ་ལྷག་ཙམ་རིང་ལ། ཁོང་གིས་ཐོག་མཐའ་བར་གསུམ་དུ་ནན་ཏན་ངང་འགན་འཁྲི་བསྒྲུབས་པ་རེད། རུ་དཔོན་ཞིག་ཡིན་པའི་ངོས་ནས་ཁོང་གིས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད། འགན་འཁུར་ཕོད་པ་བཅས་བྱས་པ་དང་། རུ་ཁག་ནང་སྣེ་ཁྲིད་པའི་མིག་དཔེ་བསྟན་པས་བྱ་དགའ་མང་པོ་ཐོབ་པར་མ་ཟད། ད་ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-04 རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚེ་རིང་། 6 6 拉萨日报藏文 c180403.html 1 ལོ་40ལྷག་ཙམ་རིང་སྐྱེད་ཚལ་དུ་རྩ་བ་ཚུགས་དོན་ནི་གྲོང་ཁྱེར་གྱི་མཛེས་ཉམས་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན་པ། /enpproperty-->