ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་1ཉིན།ལྷ་སའི་དབྱིངས་ཀྱི་ཀྲུང་ཧྭའི་ཞིམ་ཟས།བོད་ཟས་ཀྱི་བྲོ་བ་ཞེས་པའི་དགའ་ནེའུ་བྱེད་སྒོའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཚོང་རའི་ནང་གི་བཟའ་བཏུང་ཁེ་ལས་ཁག་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་། ཚོང་ལས་བཀོད་སྒྲིག་ལེཊ་སུ་གཏོང་བ། སྣ་མང་འཛད་སྤྱོད་ཀྱི་ཉམས་ལེན་ཆེ་རུ་གཏོང་བ་བཅས་བྱས་ཡོད།
ཉིན་དེར་གསར་འགོད་པས་སྣེའུ་ཟམ་ཆེན་གྱི་ནུབ་ཕྱོགས་སུ་གནས་པའི་ལྷ་སའི་དབྱིངས་ཞེས་པའི་ཚོང་ལས་ཁྲོམ་གཞུང་ཁུལ་དུ་ཉམས་འགྱུར་ལྡན་ལ་དེང་རབས་ཀྱི་རྣམ་པས་ཕྱུག་པའི་བསྟར་པ་8ཚོང་ལས་འཛུགས་སྐྲུན་ཚོགས་པ་བསྐྲུན་ཟིན་པ་དང་། རྣམ་པ་མི་འདྲ་བའི་ཁྲོམ་གཞུང་གི་གསར་གཏོད་IPཡི་བརྐོས་བརྙན་མངོན་གསལ་དོད་པའི་གནས་སུ་བཞག་ཡོད་པ་མཐོང་བྱུང་། ཤིང་པ་ཁེ་ཀོག་ཧྥེ་དང་ནོར་ཁང་གསོལ་ཚིགས་ཁང་སོགས་སྤུས་རྟགས་30ལྷག་ཙམ་ལས་གཉེར་བྱེད་འགོ་ཚུགས་ཡོད།
བོད་ལྗོངས་གཟི་བརྗིད་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཝུན་ཀྲོའུ་ཡིས་ལྷ་སའི་དབྱིངས་རྣམ་གྲངས་ཀྱི་ཤོང་ཚད་1.0ལས་མེད་པ་དང་།འཛུགས་སྐྲུན་གྱི་མཐོ་ཚད་ལ་སྨི་15ལས་མེད་ན་ཡང་སྒོ་དབྱེའི་རྣམ་པ་དང་། ཐང་ཆེན་མང་བ། ཁེར་རྐྱང་ཁང་པའི་ཚོང་ལས་ཀྱི་རྣམ་པ་དངོས་སུ་མངོན་འགྱུར་བྱུང་ཡོད་པ་དང་། དེའི་ཁར་རྣམ་གྲངས་ཀྱི་ངོས་གསུམ་རིག་གནས་སྤྱི་གླིང་གིས་བསྐོར་ཡོད་པ་དང་ལྷ་སའི་སྐྱིད་ཆུ་དང་བར་ཐག་ཉེ་བས་ཁོར་ཡུག་ལེགས་པའི་ཁྱད་ཆོས་ལྡན་ཡོད་ཅེས་བཤད།
ལྷ་སའི་དབྱིངས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.3ཙམ་བཏང་ཡོད་པ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社