分享按钮

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དུས་ཆེན་རིང་གཙོ་གནད་ཁྱབ་ཁོངས་སུ་ཆེད་དོན་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་1ཉིན། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱ་སྤྱོད་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱ་སྤྱོད་དེ་བཟའ་བཅའ་དང་། སྨན་རྫས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དང་། རིན་གོང་། ཚད་འཇལ་ལྟ་སྐུལ་དོ་དམ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ཡོད།

ཞིབ་བཤེར་ཚོགས་ཆུང་གིས་ཁྲེང་ཀོན་ཝན་ཏ་དང་། ཧྲི་པང་རོལ་རྩེད་ཟས་རིགས་གྲོང་། ཡུང་ཧུའེ་སྒོ་རྩིས་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོ་12ལ་ཟབ་འཇུག་བྱས་ནས་དེའི་དམིགས་བསལ་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་དང་། བཟའ་བཏུང་ཞབས་ཞུའི་ལྷུ་ཚིགས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་ལག་བསྟར་བྱས་ཚུལ་དང་དེ་བཞིན་སྨན་རྫས་སིལ་ཚོང་ཁེ་ལས་ཀྱི་ཉོ་ཚོང་ཐབས་ལམ་ཚད་ལྡན་རང་བཞིན་དང་གསོག་ཉར་ཆ་རྐྱེན་གྱི་སྒྲིག་སྲོལ་དང་མཐུན་པའི་རང་བཞིན་སོགས་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་སྐབས་བཟའ་བཏུང་ཚོང་ཁང་ཁག་གཅིག་ལ་ཐབ་ཚང་གི་གཙང་སྦྲ་ཚད་དང་མི་མཐུན་པ་དང་། ཚོང་ཟོག་མཁོ་འདོན་བྱེད་མཁན་གྱི་ཐོབ་ཐང་ཆ་ཚང་མེད་པ་སོགས་ཀྱི་གནད་དོན་དང་དེ་བཞིན་སྨན་ཁང་དུ་ལས་གཉེར་སྨན་པ་ལས་གནས་སུ་མེད་པའི་སྐབས་སུ་སྨན་ཐོའི་བཙོང་མཚམས་འཇོག་པའི་སྣེ་སྟོན་བྱང་བུ་དུས་ཐོག་ཏུ་བཞག་མེད་པ་ཤེས་རྟོགས་བྱུང་བ་རེད། དེའི་ཐད་ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་འབྲེལ་ཡོད་གཉེར་སྐྱོང་བྱེད་པོར་ལ་འཕྲལ་མར་དག་ཐེར་བྱ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་ཁྲོམ་ར་སྒྲིག་ལམ་བརྟན་པོ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སྨན་རྫས་རྫས་འགྱུར་ཁོའོ་ཡི་ཁོའོ་ཀྲང་ཧྥ་ཏེ་མས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ལྷག་པར་དུ་དུས་ཆེན་རིང་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་ཞིབ་བཤེར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པར་བདེ་འཇགས་དང་། གོ་རིམ་ལྡན་པ། ཞི་མཐུན་བཅས་ཀྱི་དུས་ཆེན་རིང་གི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180393.html 1 གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དུས་ཆེན་རིང་གཙོ་གནད་ཁྱབ་ཁོངས་སུ་ཆེད་དོན་ཞིབ་བཤེར་བྱས་པ། /enpproperty-->