分享按钮

ཝང་ཅུན་ཀྲེང་གིས་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)དགེ་འོས་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གསར་པར་དམིགས་ནས་དགེ་འོས་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དགོས་མཁོའི་ཕྱོགས་སྟོན་མངོན་གསལ་དོད་པོས་སློབ་གསོའི་འབྲེལ་ཐག་དང་། ཤེས་ལྡན་མི་སྣའི་འབྲེལ་ཐག ཐོན་ལས་ཀྱི་འབྲེལ་ཐག གསར་གཏོད་ཀྱི་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་སློབ་གཉེར་སྤུས་ཚད་དང་སློབ་གཉེར་ཕན་འབྲས་ཆེ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ།དགེ་རྒན་གསོ་སྐྱོང་དང་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཚུལ་ལུགས་མཐུན་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ཏང་གི་འགོ་ཁྲིད་སློབ་གྲྭ་གཉེར་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁུར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ།ཏང་གིས་མཐོ་སློབ་ལས་དོན་ལ་འཛིན་པའི་འགོ་ཁྲིད་དབང་ཆ་དམ་འཛིན་བྱས་ནས་མཐོ་སློབ་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་སློབ་གྲྭ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་ནན་གསུངས་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-03 6 6 拉萨日报藏文 c180391.html 1 ཝང་ཅུན་ཀྲེང་གིས་ལྷ་སའི་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བ། /enpproperty-->