ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན། ཟླ་4པའི་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་ཀྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲང་ཏིང་ཁྲེང་གིས་བསྟན་དོན། གྲོང་ཁྱེར་ཡོངས་སུ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ཆེན་པོ་སྤེལ་རྗེས་གྲོང་ཨུད་ཀྱིས་བཏོན་པའི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་པ་དང་། དེར་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་འགག་རྩར་བྱས་ཏེ་རྨང་གཞི་བརྟན་གཏོང་དང་། ཕན་ནུས་ཆེར་གཏོང་། མཉམ་སྐྲུན་མཉམ་སྐྱོང་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལ་དམིགས་ནས། ཚད་ལྡན་ཅན་དང་། ཞིབ་ཕྲ་ཅན། བློ་གྲོས་ཅན། ཁྲིམས་སྐྱོང་ཅན་བཅས་ཅན་བཞི་མཉམ་འདྲེས་ཡོང་རྒྱུར་མཐའ་འཁྱོངས་བྱས་ནས་དམག་འཐབ་བཙན་རྫོང་དང་།དྲ་མིག་བཅོས་སྐྱོང་། ཞབས་ཞུ་དོ་དམ། ཚན་རྩལ་ཉེར་སྤྱོད། མཉམ་འགོག་མཉམ་བཅོས་བཅས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་ལས་གཞི་ལྔ་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ད་ལྟའི་གནས་ཚུལ་དང་ཡུལ་བབ་དང་བསྟུན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་བར་གཞིགས་ནས་ཐབས་ཇུས་ལག་བསྟར་དང་། ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ། སྒུག་པ་དང་བརྟེན་པ་སོགས་མ་བྱས་པར་དོན་འཁྱོལ་ཤུགས་ཆེན་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་ཏུ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཀྲང་ཏིང་ཁྲེང་གིས་གིས་ནན་གསུངས་གནང་དོན། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་དམིགས་ཚད་ཀྱི་ཁྲིད་སྟོན་དང་། གནད་དོན་གྱི་ཁྲིད་སྟོན། འབྲས་བུའི་ཁྲིད་སྟོན་བཅས་མཐའ་འཁྱོངས་བྱས་ནས་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་དང་། ཞིབ་ཕྲའི་བྱེད་ཐབས་འདོན་པ། བཅོས་སྒྲིག་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྒྲིག་སྲོལ་ལམ་སྲོལ་འཁོར་སྐྱོད་བདེ་བླག་ཡོང་བ་དང་། ལས་སྟེགས་མ་ལག་གི་ནུས་པ་འཐུས་ཚང་དུ་གཏོང་བ། ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་པོ་ཡོང་བ་བཅས་ལ་འགན་ལེན་བྱས་ཏེ། ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社