ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཨུད་དྲིལ་བསྒྲགས་པུས(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོཊ་པ་ཚད་ཡོད་ཀུང་སིར(གཤམ་དུ་ལྷ་ས་གྲངས་འཛིན་ཐོན་ལས་ཚོཊ་པ་ཞེས་བསྡུ་རྒྱུ)གཙོ་འཛིན་གྱི་ཉམས་འགྱུར་ལ་མྱང་རོལ་བྱས་ནས་སྤྱོད་ཚུལ་བཟང་པོ་སྦྱོང་བའི་མུ་འབྲེལ་བྱེད་སྒོའི་དཔེ་ཀློག་གི་ལྷ་ས་ཞེས་པའི་དམངས་ཡོངས་དཔེ་ཀློག་གི་བྱེད་སྒོ་ཁེ་ལས་སུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲངས་འཛིན་ཐོན་ལས་ཚོགས་པའི་ལས་དོན་མི་སྣས་འབྲེལ་ཡོད་ཀྱི་རྩོམ་ཡིག་བཀླགས་པར་མ་ཟད། བློ་མཐུན་གསུམ་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔེ་དེབ་ཀློག་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། དེ་རྗེས་གྲོང་ཨུད་དྲིལ་བསྒྲགས་པུས་ལྷ་ས་གྲངས་འཛིན་ཐོན་ལས་ཚོགས་པར་སྒོར་ཁྲི་4ལྷག་ཙམ་རི་བའི་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་དང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་མར་ལེ་སློབ་གཞི་ཞིབ་འཇུག་ཁང་གི་འཆད་ཁྲིད་དགེ་རྒན་ཁྲེན་ལེས་ཐོན་སྐྱེད་ནུས་ཤུགས་གསར་པ་གཙོ་དོན་དུ་བྱས་ནས་སློབ་ཁྲིད་གནང་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཡོད་པས་ལས་བྱེད་པ་དང་ལས་བཟོ་པའི་གདེང་འཇོག་བཟང་པོ་ཐོབ་ཡོད། ལྷ་ས་གྲངས་འཛིན་ཐོན་ལས་ཚོགས་པའི་ལས་བྱེད་པ་དང་ལས་བཟོ་བས་བྱེད་སྒོ་དེ་བརྒྱུད་ཤེས་བྱའི་སྟོབས་ཤུགས་ཟབ་མོ་ཚོར་ཡོད།སླད་ཕྱིན་རང་རྟོགས་ངང་དཔེ་དེབ་ཀློག་རྒྱུ་དང་སློབ་སྦྱོང་བྱ་རྒྱུ་དེ་འཚོ་བའི་རྣམ་འགྱུར་དང་། ལས་ཀའི་འགན་འཁྲི། བསམ་པའི་དོན་གཉེར་བཅས་སུ་བརྩིས་ནས་དམངས་ཡོངས་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲངས་འཛིན་ཐོན་ལས་ཚོགས་པའི་ལས་མི་ཀྲའོ་རུའེ་ཡིས་དེ་རིང་ཀུང་སིས་ད་ཐེངས་ཀྱི་དཔེ་ཀློག་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ང་ཚོ་གཞོན་ནུ་ཚོས་ཀྱང་རྒྱང་རིང་གི་དམིགས་ཡུལ་དང་དམ་པ་དོན་གཉེར་ཟུང་འབྲེལ་དང་། ཁྱོན་ཡོངས་ལ་སྤྱི་འདོམས་དང་དམ་འཛིན་ཞིབ་ཕྲ་བྱ་རྒྱུ་ཟུང་འབྲེལ་བཅས་བྱས་ཏེ་སྤྱིར་བཏང་གི་ལས་གནས་ལ་གཞི་ཚུགས་ནས་བདེན་འཚོལ་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་འཇོག་རྒྱུ་ཡིན།གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངས་ཀྱང་དཔེ་དེབ་མང་ཙམ་ཀློག་རྒྱུ་དར་སྤེལ་བཏང་སྟེ་དཔེ་ཀློག་དང་སློབ་སྦྱོང་བྱ་རྒྱུ་དེ་འཚོ་བའི་རྣམ་འགྱུར་ཞིག་ཏུ་བརྩིས་ནས་བསམ་པའི་འཇིག་རྟེན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་དང་རང་ཉིད་ཀྱི་ཤེས་བྱའི་གྲུབ་ཚུལ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
རྗེས་མར་གྲོང་ཨུད་དྲིལ་བསྒྲགས་པུས(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་དཔེ་ཀློག་གི་ལྷ་ས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལྟེ་བའི་གྲོང་ཁྱེར་གྱི་རིག་གནས་སྤུས་རྟགས་དང་། ལྟེ་བའི་གྲོང་ཁྱེར་གྱི་རིག་གནས་ཀྱི་ས་ཁམས་མཚོན་རྟགས། ལྟེ་བའི་གྲོང་ཁྱེར་གྱི་རིག་གནས་རྣམ་པ་བཅས་གཏོད་ནས་རིག་གནས་ཀྱི་ཕྱུག་པའི་ལྷ་ས་གཏོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社