(པར་ངོས་དང་པོར་མཐུད)ལྗོངས་ཡོངས་ཀྱི་ལོ་འཁོར་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ལན་སྤྲོད་གནད་དོན་ལ་དམིགས་ཏེ་ནུས་ལྡན་གྱི་བྱ་ཐབས་སྤྱོད་དགོས་པ་དང་།རྣམ་གྲངས་རེ་རེ་བཞིན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་ཐོན་པ་དང་སྤུས་ཚད་ལྡན་པར་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དམིགས་ཚད་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་སློབ་སྦྱོང་བྱེད་སྟངས་སྔར་བས་གསར་གཏོད་དང་། སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་བའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་ཁག་གཅིག་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།ལྷ་སའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ་ལྷ་སའི་དོན་དངོས་དང་མཐུན་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་དང་ཉམས་མྱོང་བཟང་པོ་དེ་བས་མང་བ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ།ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་བྱས་ནས་འཕྲལ་སྡོམ་ལས་གྲབས་དང་ལས་རེས་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་ཞིབ་བཤེར་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་དོགས་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་པ་དང་། དཔལ་འབྱོར་ལས་དོན་བཀོད་གཏོང་ཡག་པོ་བྱས་ཏེ།འགན་གཙང་ལེན་མཁན་གྱིས་འགན་ཁུར་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་དང་། ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་སྐུལ་སྤེལ་བྱེད་པ་བཅས་བྱས་ཐོག་དུས་ཚིགས་གཉིས་པའི་དམིགས་ཚད་ཁག་ཤུགས་ཆེར་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པ། དམངས་འཚོའི་བྱ་བ་དོན་ཐོག་ཏུ་ཡག་པོ་འཁྱོལ་བར་བྱས་ཏེ།དམངས་འཚོའི་བྱ་བ་ཁག་16ལ་དོན་ཚན་རེ་རེ་བཞིན་ཞིབ་བསྡུར་དང་རྣམ་གྲངས་རེ་རེ་བཞིན་སྐུལ་འདེད་བཏང་ནས་དུས་ཆེན་རིང་གི་འཚམས་འདྲི་དང་འབྲེལ་ཡོད་བྱེད་སྒོ་ཡག་པོ་སྤེལ་ཐོག་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་དང་འགྱུར་ལྡོག་ལ་མྱོང་ཚོར་ཐུབ་པར་བྱེད་དགོས་པ། ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཡག་པོ་བཏང་ནས་གནམ་མཚོ་དར་ཁ་ཕྱེ་བའི་བྱེད་སྒོར་གྲ་སྒྲིག་ཧུར་ཐག་བྱེད་པ་དང་།ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་ནན་པོ་དང་ཚད་ལྡན་དུ་གཏོང་བ། ལེ་ལག་ཚང་བའི་འཛུགས་སྐྲུན་དང་། དྲིལ་བསྒྲགས་འོས་སྦྱོར་། ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་སྐོར་འཕེལ་རྒྱས་ཡོང་བར་བྱེད་དགོས་པ། སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ཡག་པོ་བྱས་ཏེ་ལས་བྱེད་པར་སློབ་གསོ་དང་ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་དང་། དུས་ཆེན་རིང་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤེས་དཔལ་ལྡན་པའི་དུས་ཆེན་དགའ་གཏོང་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་གནང་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社