分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི (རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་30ཉིན་གྱི་སྔ་དྲོར།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་།ཚོཊ་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བའི་ལས་དོན་སྤེལ་ཚུལ་ལ་གསན་ནས་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་མཛུབ་སྟོན་གནང་དོན།ཧྲུའུ་ཅི་ཝང་ཅུན་ཀྲེང་ཉེ་ཆར་ཆེད་མངགས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཕེབས་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པ་བཏོན་གནང་ཡོད། ཁེ་ལས་ཀྱི་ཕན་འབྲས་ལེགས་པོ་ཡོད་ཚེ་གཞི་ནས་ས་གནས་འཕེལ་རྒྱས་ཡག་པོ་ཡོང་ཐུབ། ཆུས་དང་རྫོང་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཁེ་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རང་འགུལ་ངང་སྒོ་འགྲམ་དུ་བསྐྱོད་ནས་ཞབས་ཞུ་བསྒྲུབ་དགོས་པ་དང་། ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་གི་གཏན་འབེབས་བཟོས་ནས་སེམས་ནུས་ཡོད་རྒུས་ཁེ་ལས་ཀྱི་བསམ་ཕྱོགས་གསལ་པོ་དང་། དཀའ་གནད་ཐག་གཅོད། དཀའ་གནད་ལས་སྒྲོལ་བ།ཡིད་ཆེས་ཆེ་རུ་གཏོང་བ་བཅས་ལ་རམ་འདེགས་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན།དཔྱད་ཞིབ་བྱེད་སྐབས་ཧེ་བག་འཚོལ་དགོས་པར་མ་ཟད། སྒུལ་ཤུགས་ཀྱང་དེ་བས་མངོན་པར་བྱེད་དགོས།བསམ་བློའི་ངོས་འཛིན་སྔར་བས་གོང་མཐོར་བཏང་ནས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-02 6 6 拉萨日报藏文 c180371.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི (རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ། /enpproperty-->