ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་པར་སྐྲུན་བྱས་པའི་དུས་ཐེངས་9པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ལས་བཟོ་བ་དུང་ཕྱུར་མང་པོ་སྒྲིག་འཛུགས་བྱས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ནང་ཞུགས་རྒྱུར་སྐུལ་སློང་་བྱེད་དགོས》ཞེས་པ་སྤེལ་བ་རེད།
རྩོམ་ཡིག་ནང་ནན་གསུངས་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་པ་དང་། བཟོ་པའི་ལས་འགུལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། བཟོ་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཏང་དང་བློ་གཅིག་སེམས་གཅིག་དང་། ཏང་དང་མཉམ་དུ་འབད་འཐབ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན། ཉེན་འགོག་གེགས་སེལ་སོགས་ཀྱི་ལས་དོན་གལ་ཆེན་ཁྲོད་དམག་འཐབ་དྲག་པོ་བྱེད་ཕོད་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད།
ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་བཟོ་ཚོགས་ཀྱི་ལས་དོན་སྐོར་ལ་རྩོམ་ཡིག་ནང་ནན་གསུངས་གནང་དོན། དང་པོ། ཏང་གིས་བཟོ་ཚོགས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་ནི་ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། བཟོ་ཚོགས་ནི་ཏང་གིས་འགོ་ཁྲིད་བྱེད་པའི་བཟོ་པའི་གྲལ་རིམ་གྱི་མང་ཚོགས་རྩ་འཛུགས་ཤིག་ཡིན། ཏང་གིས་བཟོ་ཚོགས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་གཡོ་འགུལ་དང་ཕྱོགས་འཛོལ་བྱེད་མི་རུང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཁྱོན་ཡོངས་དང་ནུས་ལྡན་གྱི་སྒོ་ནས་བཟོ་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་ལེན་མཐར་ཕྱིན་བསྟར་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བརྟན་པོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་རྒྱུན་ཆད་མེད་པར་བློ་སེམས་གཅིག་ཏུ་སྒྲིལ་བ་དང་བླ་སྲོག་གཏོད་དེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཟོ་ཚོགས་ཁོངས་གཏོགས་སུ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ལས་བཟོ་པས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社