分享按钮

ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་བྲིས་པ།

གཟི་བརྗིད་ནི་ངལ་རྩོལ་པར་དབང་ཞིང་།བདེ་སྐྱིད་ནི་ངལ་རྩོལ་པར་དབང་བ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབད་འཐབ་ལྷོད་མེད་ཀྱི་ཁྲོད་མི་དམངས་དུང་ཕྱུར་མང་པོས་དགའ་བ་འབུམ་གྱིས་ལྔ་གཅིག་ངལ་རྩོལ་ལ་མོས་གུས་དང་ངལ་རྩོལ་པར་གུས་འདུད་ཞུ་བའི་དུས་ཆེན་བསུས་ཡོད།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བར་མ་ཟད།རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་དང་བློ་གཅིག་སེམས་གཅིག་དང་། ཏང་དང་མཉམ་དུ་འབད་བརྩོན། དཀའ་སྤྱད་ངལ་རྩོལ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ། བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་མཛུབ་སྟོན་གཏིང་ཟབ་གནང་བ་དང་།རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་སྟོན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལས་བརྩོན་ལས་བཀུར་དང་གསར་གཏོད་ལས་གཏོད་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་དངོས་ལ་སྐུལ་འདེད་གཏོང་བའི་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

འདི་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ང་ཚོས་བརྟན་ལྷིང་ཁྲོད་ཡར་རྒྱས་ཡོང་བ་དང་། ཡར་རྒྱས་ཁྲོད་བརྟན་པོ་ཡོང་བ། སྔོན་འཛུགས་རྗེས་བརྒལ་བཅས་རྒྱུན་འཁྱོངས་བྱས་ཏེ། སྔོན་དཔག་བརྟན་པོ་དང་། འཕར་གཞི་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་ལེགས་པར་བསྒྲུབས་པས།དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་5.3འཕར་ཞིང་།ཐོན་སྐྱེད་ནུས་ཤུགས་གསར་པའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་འགོ་བཙུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་པར་བརྟེན་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་ཅུང་ལེགས་པོ་བཏིང་ཡོད། ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་དམིགས་ནས། ལས་རིགས་ཁག་གིས་གོ་སྐབས་ཡོད་ཚད་ལ་དམ་འཛིན་དང་། ཆ་རྐྱེན་ཡོད་ཚད་བེད་སྤྱད་དེ་བློ་ལ་ཕྱིན་ཚེ་དམ་འཛིན་བྱས་ནས་སྒྲུབ་པ་དང་། འཐབ་ཇུས་གལ་ཆེན་དང་ལས་གྲྭ་གལ་ཆེན། རྣམ་གྲངས་གལ་ཆེན་དང་གཙོ་གནད་ཐོན་ལས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཀའ་གནད་སྒྲོལ་བ། འབད་བརྩོན་ལེགས་སྐྱེས་སུ་འབུལ་བ་དང་།དམངས་འཚོའི་དཀའ་གནད་ཐག་གཅོད་དང་དམངས་འཚོའི་དོན་དངོས་སྒྲུབ་པའི་ཁྲོད་སྤྲོ་སེམས་ཆེ་ཞིང་བྱེད་ཐབས་མང་པོ་མཉམ་དུ་སྤྱོད་པ། འགྲན་རྩོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་རླབས་རྒྱུན་ཁྲོད་ལས་སྒྲུབ་ལས་གཏོད་དང་།འབད་བརྩོན་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་པས། ངལ་རྩོལ་གཟི་བརྗིད་དང་རླབས་ཆེན་གསར་སྐྲུན་བྱེད་པའི་དུས་རབས་ཀྱི་དུང་བརྡ་དཀྲོལ་ཡོད།

མི་དམངས་ནི་ལོ་རྒྱུས་གསར་གཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་ཤོས་དང་སྟོབས་ཤུགས་གཏིང་ཟབ་ཤོས་དེ་ཡིན། ཉམས་ཉེན་སེལ་བ་དང་། དཀའ་ངལ་ལས་སྒྲོལ་བ། གནས་ཚུལ་བབ་བསྟུན་བཅས་བྱེད་པའི་ཐད་དུས་རབས་གསར་པ་ནས་བཟུང་ང་ཚོའི་ཏང་གིས་མི་དམངས་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེག་པ་དང་།ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གོ་སྐབས་གསར་པ་གསར་སྐྲུན་བྱས་པ་དང་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-02 ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་བྲིས་པ། 6 6 拉萨日报藏文 c180370.html 1 ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། /enpproperty-->