ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་30ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བྱས་ཚུལ་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་ལས་འགོ་ཚུགས་མེད་པའི་གཙོ་གནད་རྣམ་གྲངས་ཀྱི་གནས་ཚུལ་ལ་གསན་ནས་གནད་དོན་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། དུས་བཀག་ཁ་གསལ་བཟོ་བ། འགན་འཁྲི་སྲ་བརྟན་བཅས་གནང་སྟེ་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམ་ཁག་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་སྐོར་གྱི་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་ཐུན་མོང་གི་དམིགས་འབེན་ལ་ཤུགས་རྒྱག་པ་དང་། འགན་འཁྲི་ནན་ཁུར། མྱུར་སྒྲུབ་བཅས་ཀྱི་བྱ་སྤྱོད་ལ་བརྟེན་ནས་དུས་ཚིགས་གཉིས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་དང་།ཁྲེན་ཅིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཆང་གིས་དུས་ཚིཊ་གཉིས་པ་ནི་སྔ་ཕྱི་སྦྲེལ་བའི་འགག་རྩའི་དུས་སྐབས་ཤིག་དང་རྣམ་གྲངས་ལ་དམ་འཛིན་དང་བརྟན་པོའི་ངང་འཕར་བའི་དུས་སྐབས་ཡག་པོ་ཞིག་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社