(པར་ངོས་གཉིས་པར་མཐུད)སྙིང་ཉེ་ཅན། སྟབས་བདེ་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་མི་དྲ་མིག་ཏུ་གནས་པ་དང་།ལས་ཀ་དྲ་མིག་ཐོག་ནས་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་བ་རེད།
ཡུལ་མི་གཡུང་དྲུང་གིས་ད་ཆ་དམངས་འཚོའི་ལས་དོན་མང་པོ་ཞིག་དྲ་ཐོག་ནས་བསྒྲུབ་རྒྱུར་འབུལ་དགོས་ཀྱི་ཡོད་པས། ང་ཚོ་རྒན་རྒོན་ཚོས་རིག་ནུས་ལག་ཐོགས་ཁ་པར་སྤྱོད་མི་ཤེས་ལ་ལས་སྒྲུབ་ཀྱི་བརྒྱུད་རིམ་ཡང་ཤེས་ཀྱི་མེད། སྟབས་ལེགས་པ་ཞིག་ལ་ཆེད་ལས་དྲ་མིག་པས་ང་ཚོར་ལས་རོགས་དང་ལས་ཚབ་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།
བདེ་འཇགས་ལ་གནོད་པའི་རྐྱེན་ངན་དྲ་མིག་ལས་དོན་བརྒྱུད་ནས་བསལ་བ།
དུས་ཡུན་རིང་པོའི་ནང་།བདེ་སྐྱིད་སྡེ་ཁུལ་གྱི་ཆེད་ལས་དྲ་མིག་མི་སྣས་རྟག་པར་དྲ་མིག་ནང་གི་བདེ་འཇགས་ཐོན་སྐྱེད་དང་།མེ་ཟོན་བདེ་འཇགས། བཟའ་བཅའ། སྨན་རྫས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལ་དུས་བཀག་ལྟར་སྐོར་ཞིབ་དང་། གྲལ་བཤེར་ཐོ་འགོད། དག་ཐེར་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད།
བདེ་སྐྱིད་སྡེ་ཁུལ་གྱི་ཡུལ་མི་ཚེ་གཡང་གིས་ཟླ་3པའི་ཟླ་འགོར། སྡེ་ཁུལ་གྱི་ལས་དོན་མི་སྣས་སྐོར་ཞིབ་བྱེད་སྐབས་ངའི་ཁྱིམ་གྱི་སོལ་རླངས་མདོང་ལམ་ལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གནས་ཡོད་པ་ཤེས་རྟོགས་བྱུང་བ་དང་སྦྲགས་དུས་ཐོག་ཏུ་ང་ལ་སོལ་རླངས་ཀྱི་སྦུ་གུ་དང་བདེ་འཇགས་སྟེམ་སྒོ་བརྗེ་རོགས་བྱས་པས་ངའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཐུབ་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
བདེ་སྐྱིད་ཀྱི་འཚོ་བ་དྲ་མིག་ལས་དོན་ཐོག་ནས་མངོན།
བདེ་སྐྱིད་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པ་ཚེ་རིང་གིས་འདི་ལོ་ནས་བཟུང“རྒན་རྒོན་གཅིག་དང་ཕྲུ་གུ་གཅིག་ལ་ཞབས་ཞུ་བསྒྲུབ་པར”དམིགས་ནས་བདེ་ཐང་ངང་འགྲོ་སྐྱོད་དང་། མིག་མངས་འགྲན་བསྡུར། ཕ་མ་བུ་ཕྲུག་གི་བྱེད་སྒོ། བཅོས་སྐྱོང་ཚབ་གཉེར་སོགས་གཙོ་དོན་དུ་བྱེད་པའི“དུས་བཞིར་བརྩེ་བས་ཁེངས་པའི་བྱེད་སྒོ”སོགས་ཇུས་འགོད་བྱས་ནས་སྡེ་ཁུལ་དེ་གྲོང་མི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་བསྐྲུན་ནས་དྲ་མིག་ནང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
གྲོང་མི་སྤེན་པ་སྒྲོལ་དཀར་གྱིས་རྒན་ཡོལ་ཞུས་རྗེས། ང་བདེ་སྐྱིད་སྡེ་ཁུལ་དུ་བསྡད་དེ་གཅེན་གཅུང་ཚོ་དང་མཉམ་དུ་རྒན་རྒོན་རིག་རྩལ་རུ་ཁག་ཅིག་བཙུགས་པ་ཡིན། སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སྒྱུར་བཀོད་བྱེད་སྐབས་ང་ཚོར་ཁེར་རྐྱང་དུ་ཞབས་བྲོ་ཁང་ཇུས་འགོད་བྱས་པ་དང་། ད་དུང་ཁོངས་གཏོགས་ཁུལ་གྱི་སྤྱི་གླིང་དུ་ས་སྟོང་འཆར་འགོད་བྱས་ནས་ང་ཚོས་གྲོང་མི་ཁྲིད་དེ་སྒོར་གཞས་འཁྲབ་པ་དང་ཐའེ་ཅི་དྲག་རྩལ་བརྒྱབ་པས་ད་ཆ་ང་ཚོའི་འཚོ་བ་དེ་བས་སྐྱོན་བྲལ་དང་ཡར་ཐོན་བྱུང་ཡོད་ཅེས་བཤད།
སྤེན་པ་སྒྲོལ་དཀར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་།སྡེ་ཁུལ་གྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། སྲང་ལམ་སྔར་བས་གཙང་ལ་གྲལ་འགྲིག་ཏུ་ཕྱིན་ནས་ཚང་མར་བདེ་སྐྱིད་སྡེ་ཁུལ་གྱི་ཡུལ་མི་ཡིན་པའི་ངོས་ནས་དངོས་གནས་བདེ་སྐྱིད་ཚོར་ཐུབ་པ་བྱུང་སོང་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社