分享按钮

ཚད་གཞི་ནན་པོར་བརྟེན་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་ འགོག་སྲུང་གི་འཛིང་རགས་བརྟན་དུ་གཏོང་བ།

(པར་ངོས་དང་པོར་མཐུད)དེ་བཞིན་བདེ་ཐང་ལུགས་མཐུན་གྱི་བཟའ་བཏུང་ཇི་ལྟར་བྱེད་པ་སོགས་ཀྱི་ཐད་ལ་གསལ་བཤད་གཏིང་ཟབ་བྱས་ཡོད། འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་སྤྲོ་སྣང་འཕེལ་བའི་སྒོ་ནས་འཆད་ཁྲིད་བྱས་པས་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་ཡོད། དེ་དང་ཆབས་ཅིག་འཆད་ཁྲིད་ཁྲོད། ཕྲུ་གུ་ཚོ་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་གྲས་སུ་ཧུར་ཐག་ཞུགས་ནས་སློབ་གྲྭའི་མཛེས་སྡུག་ལྡན་པའི་ཟས་རིགས་ཀྱི་ཁོར་ཡུག་ལེགས་པར་བསྐྲུན་ཏེ་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་གྲོས་འགོ་འདོན་མཁན་དང་། ལག་ལེན་བསྟར་མཁན། ཁྱབ་སྤེལ་གཏོང་མཁན་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། སློབ་མ་ཚོས་འཆད་ཁྲིད་ལ་ནན་གྱིས་ཉན་པ་དང་མཉམ་འགུལ་ནང་ཧུར་ཐག་ཞུགས་ཤིང་། སྔ་རྗེས་སུ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པས་ཡུལ་དངོས་སུ་འཁྲུག་ཆ་དོད་པོ་ཡོད་པ་རེད།

ཉིན་དེར་ཁྲིམས་འཛིན་མི་སྣ་དང་། སློབ་མའི་ཁྱིམ་བདག ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་དང་བླངས་པ་བཅས་ཀྱིས་ད་དུང་སློབ་གྲྭའི་ཟ་ཁང་གི་ཡུལ་དངོས་སུ། སློབ་གྲྭའི་ཟ་ཁང་གི་བཀོད་སྒྲིག་ཁུལ་དབྱེ་དང་། དངོས་རྫས་འཇོག་སྟངས། ཁོར་ཡུག་འཕྲོད་བསྟེན་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གང་ལེགས་བྱས་ཏེ་གསོལ་ཆས་གཙང་འཁྲུད་དུག་སེལ་དང་ཟ་མའི་སྤུས་ཚད་སོགས་ལ་ཞིབ་ཕྲའི་བླང་བྱ་བཏོན་པ་རེད། ཡུལ་དངོས་སུ“ཁྱེད་ཀྱིས་བཤད་པར་ངས་ཞིབ་བཤེར་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས་སྔོ་ཚལ་དང་། ཤ་སོས་པ། གསོལ་ཆས་བཅས་ཁག་9ལ་མགྱོགས་མྱུར་ཞིབ་བཤེར་བྱས་པ་དང་ཞིབ་དཔྱད་ཚད་ལེན་གྱི་བྱས་འབྲས་ཚང་མ་ཚད་ལོན་ཡོད་པ་རེད།

ལྷ་སའི་མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་དབང་མོས་སླད་ཕྱིན་ང་ཚོས་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་དང་། སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་ངན་པའི་མིང་ཐོའི་ནང་མི་ཚུད་པའི་བྱ་སྤྱོད་ཧུར་ཐག་སྤེལ་ནས་སློབ་གྲྭའི་གཙོ་གནད་ཀྱི་འགན་འཁྲི་དང་། ས་ཁོངས་དོ་དམ་གྱི་འགན་འཁྲི། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བཅས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཟས་རིགས་ཀྱི་བདེ་འཇགས་དེ་སྤྱི་ཚོགས་ཀྱིས་མཉམ་དུ་དོ་དམ་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་ཏེ་ཟས་རིགས་བདེ་འཇགས་ཀྱི་ལས་དོན་ཁྲོད་ཞུགས་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180365.html 1 ཚད་གཞི་ནན་པོར་བརྟེན་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་ འགོག་སྲུང་གི་འཛིང་རགས་བརྟན་དུ་གཏོང་བ། /enpproperty-->