分享按钮

ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་ཟླ་5ཚེས་1ཉིན་ལས་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)མིག་སྔར་སྣེའུ་ཁུལ་གསར་གྱི་སྣེ་ཁ་མང་ཤོས་ཀྱི་ཟས་རིགས་འཛད་སྤྱོད་བྱ་ཡུལ་ཞིག་རེད། ཁྲོམ་གཞུང་གི་ཁོར་ཡུག་བཀོད་སྒྲིག་དང་མཛེས་བཟོའི་ཐད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་བཏང་ནས་འཛད་སྤྱོད་པར་རྣམ་པ་མི་འདྲ་བའི་ཡུལ་ལྗོངས་ལ་ཉམས་ལེན་ཐུབ་པ་དང་ལྷག་པར་དུ་ས་ཁུལ་ཕྱི་རོལ་གྱི་ཡུལ་སྐོར་བ་འཛད་སྤྱོད་ཉམས་ལེན་བྱེད་པར་ཡོང་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད་པ་རེད།

མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པའི་དགོས་མཁོ་ཡང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་སྟབས་བདེའི་ངང་ཉོ་བ་དང་ཟ་བ་ནས་མིག་སྔའི་འཛད་སྤྱོད་དགོས་མཁོ་སྣ་མང་ཅན་དང་། སྤུས་ཚད་ཅན། ཁྱད་པར་ཅན་བཅས་སུ་གྱུར་ནས་ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མུ་མཐུད་ཚོང་ཁང་དེ་བས་མང་བ་དེའི་ནང་ཞུགས་ཐུབ་པ་བྱས་ཏེ་བོད་ལྗོངས་མི་དམངས་ཀྱི“གཅིག་འཐུས་རྣམ་པའི”འཛད་སྤྱོད་དང་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་པར་བྱས་ནས“ཞིམ་ཟས་དང་། ཉོ་སྒྲུབ། ཡུལ་སྐོར། སྤྲོ་གསེང་། རིག་གནས”ཀྱི་འཛད་སྤྱོད་སྦྲེལ་ཐག་ཆ་ཚང་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180364.html 1 ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་ཟླ་5ཚེས་1ཉིན་ལས་འགོ་ཚུགས་པ། /enpproperty-->