ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་28ཉིན། གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཁྱེར་རིག་གནས་ཅུས་དང་། གྲོང་ཁྱེར་དཔེ་མཛོད་ཁང་། གྲོང་ཁྱེར་རིག་གནས་ཁྲོམ་ར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག གྲོང་ཁྱེར་ཁོངས་གཏོགས་ཀྱི་དངོས་ཚན་དཔེ་ཁང་ཁག་དང་མཉམ་འབྲེལ་ཐོག“དམངས་ཡོངས་ཀྱི་དཔེ་ཀློག་དར་སྤེལ་བཏང་སྟེ‘དཔེ་ཀློག་གི་ལྷ་ས’འཛུགས་སྐྱོང་བྱ་རྒྱུའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དབྱངས་བཞི་དཔེ་དེབ་ཁང་དང་། ནོར་ནོར་བྱིས་པའི་དཔེ་ཚོང་ཁང་། རླུང་རྟའི་དཔེ་དེབ་གྲོང་སོགས་དངོས་ཚན་དཔེ་ཁང་མང་པོའི་འཐུས་མིས་མིག་སྔའི་དངོས་ཚན་དཔེ་ཁང་ལ་འཕྲད་པའི་འགྲན་སློང་གསར་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པའི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་དང་།སྤྱི་ཚོགས་ཀྱི་ཕན་འབྲས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། དེ་རྗེས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས་དབྱངས་བཞི་དཔེ་དེབ་ཁང་ལ“དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པའི་ལོ་འཁོར་གྱི་དཔེ་ཚོང་ཁང་ཡག་ཤོས”ཞེས་པའི་མཚན་སྙན་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
ནོར་ནོར་བྱིས་པའི་དཔེ་ཚོང་ཁང་གི་འགན་འཁུར་བ་དཀོན་མཆོག་སྒྲོལ་མས་ད་ཐེངས་ཀྱི་བྱེད་སྒོར་གྲུབ་འབྲས་ཟབ་མོ་ཐོབ་པ་དང་མྱོང་ཚོར་ཟབ་མོ་བྱུང་བས་ལས་རིགས་གཅིག་པ་དང་སྤེལ་རེས་གཏིང་ཟབ་བྱས་ནས་གཉེར་སྐྱོང་གི་ཉམས་མྱོང་རྩ་ཆེན་ཤེས་བྱུང་། ང་ཚོས་སྟེགས་བུ་དེའི་ཐོག་ནས་ལས་རིགས་གཅིག་པ་དེ་བས་མང་བ་ངོ་ཤེས་པར་བྱས་ཏེ་ཐུན་མོང་ཐོག་བྱེད་སྒོ་དེ་རིགས་སྤེལ་ནས“དཔེ་ཀློག་གི་ལྷ་ས”བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
དབྱངས་བཞི་དཔེ་དེབ་ཁང་གི་འགན་འཁུར་བ་བསོད་ནམས་གཡང་འཕེལ་གྱིས་ང་ཚོའི་དཔེ་དེབ་ཁང་ལ་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པའི་ལོ་འཁོར་གྱི་དཔེ་དེབ་ཚོང་ཁང་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་དེ་ནི་ང་ཚོས་ལོ་བཞིའི་རིང་གི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པར་ཁས་ལེན་བྱས་པ་ཞིག་ཡིན་ལ་གོང་རིམ་དང་ལས་རིགས་གཅིག་པའི་རྒྱབ་སྐྱོར་དང་རོགས་རམ་གྱི་མཚོན་ཚུལ་ཞིག་ཀྱང་ཡིན། བྱ་དགའ་དེ་དབྱངས་བཞི་དཔེ་དེབ་ཁང་ལ་གཏོགས་པར་མ་ཟད། ལྷ་སའི་དངོས་གཞིའི་དཔེ་དེབ་ཚོང་ཁང་གི་ཐུན་མོང་གི་གཟི་བརྗིད་ཀྱང་ཡིན། སླད་ཕྱིན་ང་ཚོས་མུ་མཐུད་གསར་གཏོད་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་སྣང་ཆེན་བྱས་ནས“དཔེ་ཀློག་གི་ལྷ་ས”འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། དེ་རྗེས་གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྤྱི་པའི་དཔེ་མཛོད་ཁང་དང་དངོས་གཞིའི་དཔེ་ཁང་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་དཔེ་ཀློག་ཐོན་ཁུངས་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། དངོས་གཞིའི་དཔེ་ཁང་གིས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། གྲོང་མིར་སྔར་ལས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་དང་སྔར་ལས་སྤུས་ཚད་མཐོ་བའི་རིག་གནས་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།
བྱེད་སྒོའི་ཁྲོད“དཔེ་ཀློག་གི་ལྷ་ས། ཁྱེད་ཀྱིས་དཔེ་ཀློག་བྱས་ན་ངས་འཇལ་རྩིས་རྒྱག”ཅེས་པའི་དཔེ་དེབ་ཉོ་སྒྲུབ་འཛིན་ཤོག་1000སྤྲད་པ་དང་རེར་སྒོར་50གནས་ཀྱི་ཡོད་པ་དང་དངོས་ཚན་དཔེ་དེབ་ཁང་ཁག་ནས་ཐེངས་གཅིག་ལ་སྒོར་100ཟིན་ཚེ་བེད་སྤྱོད་ཆོག་གི་ཡོད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་དངོས་ཚན་དཔེ་ཁང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། གཞན་ཡང་རིག་གནས་ཁྲོམ་རའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། གྲོང་ཁྱེར་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་དམངས་གཉེར་དཔེ་ཁང་དབར་བདེ་འཇགས་འགན་འཁྲིའི་ཡི་གེ་བཞག་ནས་རིག་གནས་ཁྲོམ་རའི་བདེ་འཇགས་སྲུང་སྐྱོང་ཁྲོད་ཀྱི་ཕྱོགས་གཉིས་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ཡོད་པ་རེད།
གྲོང་ཨུད་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ཉི་མ་ཕན་ཐོགས་ཀྱིས་དེ་རིང་དངོས་ཚན་དཔེ་ཁང་ཁག་གི་འཐུས་མིས་གཉེར་སྐྱོང་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་དཔེ་མཛོད་ཁང་གི་སྤྱི་པའི་རིག་གནས་ཞབས་ཞུ་ཁོའོ་ཡིས་ལས་ཀའི་གྲོས་འགོ་བཏོན་པ་དང་། གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་རོཊ་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་འཛུགས་སྐྱོང་ནང་ཧུར་ཐག་ཞུཊ་ཏེ་མང་ཚོཊ་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社