“འཁོར་ཆུང་སྔོན་མོ”ཡིས་གྲོང་གསེབ་མཛེས་སུ་གཏོང་བར་རོགས་རམ་བྱེད།
ཟླ་4ཚེས་28ཉིན། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གིས་ཁོར་ཡུག་འཕྲོད་བསྟེན་གི་གློག་སྒུལ་འཁོར་གསུམ་སྦག་སྦག་སྤྲོད་པའི་མཛད་སྒོ་སྤེལ་ཏེ། ཤང་དེའི་གྲོང་ཚོ་བདུན་གྱི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཚོར་གློག་སྒུལ་འཁོར་གསུམ་སྦག་སྦག་གསར་རྐྱང་9སྤྲད་པ་རེད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གློག་སྒུལ་འཁོར་གསུམ་སྦག་སྦག་དེ་མ་སྤྲད་གོང་ཁོར་ཡུག་གཙང་སྦྲའི་བཟོ་པར་སྦག་སྦག་གཏོང་སྟངས་བསླབས་ཤིང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་དུ་ཁོར་ཡུག་གཙང་སྦྲའི་བཟོ་པའི་ལས་ཕྱོད་ཆེ་རུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོར་སྐུལ་འདེད་སྔར་བས་གཏོང་ཐུབ་རྒྱུ་རེད། པར་འདི་ནི་ཁོར་ཡུག་གཙང་སྦྲའི་བཟོ་པ་གློག་སྒུལ་འཁོར་གསུམ་སྦག་སྦག་གསར་རྐྱང་ལ་བསྡད་ནས་ལས་གནས་སུ་སྐྱོད་བཞིན་པའི་རྣམ་པ་ཡིན། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)