分享按钮

གཟའ་འཁོར་འདིར་རང་གྲོང་དུ་ཁ་ཆར་འབབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོཊ་བྱས་པར་གཞིགས་ན། གཟའ་འཁོར་གོང་མར་གྲོང་ཁྱེར་གྱི་ས་གནས་ཁག་མང་ཆེ་བར་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོར་བསྟན་ཡོད། བྱང་རྒྱུད་དང་ཤར་རྒྱུད་ཁུལ་དུ་ཆར་པ་འབབ་པའི་གནམ་གཤིས་ཅུང་མང་པོ་བསྟན་ཡོད་ལ། ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་ཤུགས་ཆེན་པོ་བབས་ཡོད། གཟའ་འཁོར་རེའི་ཆར་པ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་འདམ་གཞུང་རྫོང་དུ་མང་ཙམ་ཡོད་པ་དང་དེ་བྱིངས་ས་གནས་ཁག་ཏུ་ཅུང་ཉུང་ཙམ་ཡོད། དེ་བཞིན་གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་ལྷ་ས་དང་སྙེ་མོ་རྫོང་དུ་ཅུང་མཐོ་བ་དང་དེ་བྱིངས་རྒྱུན་ལྡན་ལྟར་རེད།

སྔོན་དཔག་ལྟར་ན། གཟའ་འཁོར་འདིར་རང་གྲོང་དུ་ཁ་ཆར་འབབ་པའི་གནམ་གཤིས་ཅུང་མང་པོ་བསྟན་རྒྱུ་ཡིན་ཞིང་། ས་གནས་ཁག་གཅིག་ཏུ་ཆར་ཤུགས་དང་གངས་ཤུགས་ཅུང་ཆེ་ཙམ་ཡོད། གཟའ་འཁོར་འདིའི་ནང་དྲོད་ཚད་འཕར་ཆག་ཆེན་པོ་ཡོད་པ་དང་། དུས་དཀྱིལ་དང་དུས་མཇུག་ཏུ་ས་གནས་ཁག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ་རེད། ཡར་ཀླུང་གཙང་པོའི་རྒྱུགས་ཁུལ་དུ་རླུང་བུ་རིམ་པ་4ནས་5བར་ལྡང་རྒྱུ་ཡིན་པ་དང་། ས་བབ་མཐོ་བའི་ས་ཁུལ་ཁག་ཏུ་རླུང་བུ་རིམ་པ་7ཡས་མས་ལྡང་རྒྱུ་རེད།ཞིབ་ཕྲའི་གནམ་གཤིས་བསྟན་སྟངས་གཙོ་བོ་ནི།གཟའ་ཟླ་བ་ནས་གཟའ་མིག་དམར་བར། ས་གནས་ཁག་ཏུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོར་བསྟན་རྒྱུ་ཡིན་པ་དང་།བྱང་རྒྱུད་དང་ཤར་རྒྱུད་ཁུལ་དུ་གངས་དང་གངས་མ་ཆར་འབབ་རྒྱུ་ཡིན་པ་དང་། གཟའ་ལྷག་པ་ནས་གཟའ་པ་སངས་བར། རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་རིམ་གྱིས་གནམ་འཐིབས་ཏེ་ཆར་པ་སིམ་སིམ(གངས)མམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ(གངས)འམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་པ། གཟའ་སྤེན་པའི་ནས་གཟའ་ཉི་མའི་བར།ས་གནས་ཁག་ཏུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)འམ་ཡང་ན་གངས་མ་ཆར་འབབ་རྒྱུ་ཡིན་པ་དང་། བྱང་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བར་འབབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ནས་གཟའ་འཁོར་འདིར་རང་གྲོང་དུ་ཁ་ཆར་གྱི་གནམ་གཤིས་ཅུང་མང་པོ་བསྟན་རྒྱུ་ཡིན་པ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་གནས་ཁག་གཅིག་ཏུ་ཆར་ཤུཊ་དང་གངས་ཤུགས་ཅུང་ཆེ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཡར་ཀླུང་གཙང་པོའི་རྒྱུགས་ཁུལ་དུ་དྲག་ཆར་རླུང་འཚུབ་དང་ཁ་ཆར་བུ་ཡུག་ལྡང་ཉེན་ཆེ་བས་དོགས་ཟོན་ཡག་པོ་བྱེད་དགོས་ལ། གཟའ་འཁོར་འདིའི་ནང་དྲོད་ཚད་འཕར་ཆག་ཆེ་བས། དུས་ཐོག་ཏུ་དྲོ་ཇུས་ཡག་པོ་བྱེད་དགོས་པའི་དྲན་སྐུལ་ཞུས་ཡོད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180361.html 1 གཟའ་འཁོར་འདིར་རང་གྲོང་དུ་ཁ་ཆར་འབབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ། /enpproperty-->