分享按钮

ཁྲེང་ཀོན་ཆུས་ཀྱིས་བུ་བཅོལ་ཁང་དུ་གད་སྙིགས་ རིགས་དབྱེའི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

ལྷ་ས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན། ཁྲེང་ཀོན་ཆུས་གད་སྙིཊ་རིཊ་དབྱེའི་གཞུང་དོན་ཁང་གི་ལས་དོན་མི་སྣ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དུ་བསྐྱོད་ནས་གད་སྙིཊ་རིགས་དབྱེའི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་གད་སྙིཊ་རིགས་དབྱེའི་དྲིལ་བསྒྲགས་སྒྲོམ་སྟེགས་བཙུགས་པ་དང་། གད་སྙིགས་རིགས་དབྱེའི་སྙིགས་སྣོད་བཞི་བཙུགས་པ། བྱིས་པ་ཚོར་ལག་རྟགས་དང་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལག་དེབ་སྤྲད་པ་སོགས་བྱས་པར་མ་ཟད། དྲི་བར་ལན་འདེབས་པའི་ཐབས་ལམ་སྤྱད་ནས་ལན་འདེབས་མཁན་ལ་ཡིག་ཆས་སྤྲད་དེ། སྤྲོ་སྣང་གྱི་ཁྲོད་དུ་གད་སྙིགས་རིགས་དབྱེར་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཅིང་། གད་སྙིགས་རིགས་དབྱེའི་འདུ་ཤེས་ཕྲུ་གུ་ཚང་མའི་བློ་རུ་འཇགས་ཐུབ་པར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་དགེ་རྒན་ཀྲང་ཧའེ་ཅོན་གྱིས་དེ་རིང་ཁྲེང་ཀོན་ཆུས་གད་སྙིགས་རིགས་དབྱེའི་གཞུང་དོན་ཁང་གི་ལས་དོན་མི་སྣས་ང་ཚོའི་སློབ་གྲྭར་བྱེད་སྒོ་སྤེལ་སོང་། ང་ཚོས་ཀྱང་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་སྔར་བས་ཤེས་བྱུང་ལ། དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་མ་འོངས་པར་རང་ཉིད་ནས་འགོ་བརྩམས་ཏེ་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་ལུགས་བྱིས་པ་ཚོར་སློབ་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

ལས་དོན་མི་སྣས་ད་དུང་ཡུལ་དངོས་སུ་བྱིས་པ་རྣམས་ལ་གད་སྙིགས་སྣ་ཚོགས་དབྱེ་བ་འབྱེད་དུ་བཅུག་པ་དང་། འཚོ་བའི་གད་སྙིགས“རིགས་བཞི”ངོས་འཛིན་བྱེད་དུ་བཅུག་ཅིང་། ཁ་དོག་མི་འདྲ་བའི་སྙིགས་སྣོད་དབྱེ་བ་འབྱེད་དུ་བཅུག་ནས་གད་སྙིགས་རིགས་དབྱེ་ཡང་དག་བྱ་རྒྱུར་སློབ་སྟོན་བྱས་པ་རེད།

ཁྲེང་ཀོན་ཆུས་གད་སྙིགས་རིགས་དབྱེའི་གཞུང་དོན་ཁང་གི་ལས་དོན་མི་སྣ་བསམ་གཏན་སྒྲོལ་མས་ཕྱིས་འབྱུང་ང་ཚོས་སློབ་གྲྭ་དང་སྡེ་ཁུལ་སོགས་སུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། སྤྲོ་སྣང་ལྡན་པའི་བྱེད་སྒོ་སྣ་ཚོགས་གསར་གཏོད་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་དང་ཐཱན་ཉུང་འཚོ་བའི་ལྟ་བ་ལག་ལེན་དུ་བསྟར་རྒྱུར་ཁྲིད་སྟོན་བྱས་ནས་གད་སྙིགས་རིགས་དབྱེ་དེ་དར་སྲོལ་བཟང་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180360.html 1 ཁྲེང་ཀོན་ཆུས་ཀྱིས་བུ་བཅོལ་ཁང་དུ་གད་སྙིགས་ རིགས་དབྱེའི་ཤེས་བྱ་དྲིལ་བསྒྲགས་བྱས་པ། /enpproperty-->