分享按钮

པདྨ་ནོར་འཛིན་ཀུང་སིས་བོད་ལྗོངས་སུ་ཕུལ་བྱུང་གི་སྲོལ་རྒྱུན་ རིག་གནས་ཁྱབ་གདལ་བཏང་བ།

(པར་ངོས་དང་པོར་མཐུད)ལག་རྩལ་འདི་དག་གིས་སླད་ཕྱིན་ང་ཚོའི་ལས་ཞུགས་ལ་ཕན་ཐོགས་ཆེན་པོ་ཐོབ་སྲིད་ཅེས་བཤད།

པདྨ་ནོར་འཛིན་ནི་2017ལོར་བཙུགས་པ་དང་། ཀུང་སིས་གཙོ་བོ་བོད་ལྗོངས་ཀྱི་རྫ་དཀར་རིག་གནས་གསར་གཏོད་ཐོན་རྫས་དང་། རྫ་དཀར་རྩེ་གྲ་འགྲེམས་སྟོན་དང་ཕྱིར་འཚོང་། དེ་བཞིན་བོད་ལྗོངས་ཀྱི་རྫ་དཀར་བརྩམས་ཆོས་གསར་གཏོད་ཇུས་འགོད་དང་ལག་རིས་གསར་རྩོམ་སོགས་གཉེར་སྐྱོང་བྱས་ནས་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་སྤེལ་རེས་དང་རྒྱུན་འཛིན་བྱ་རྒྱུར་གཞོལ་བཞིན་ཡོད། ས་གནས་དེ་གའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད། པདྨ་ནོར་འཛིན་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཁག་དང་། སློབ་གྲྭ། ཁེ་ལས་བཅས་དང་མཉམ་ལས་བྱས་ཏེ་ལག་ཤེས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། མིག་སྔའི་བར་པདྨ་ནོར་འཛིན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་མཉམ་འབྲེལ་ཐོག་ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་དུས་ཐེངས་7བྱས་ནས་སློབ་གྲྭ་དེའི་སློབ་མ་201ཀུང་སིའི་ལས་མིར་བསྡུས་པ་དང་། རིན་མེད་ངང་ཟ་འཐུང་དང་སྡོད་ཁང་མཁོ་འདོན་བྱས་པར་མ་ཟད།འགན་བཅོལ་ལྔ་དང་མ་དངུལ་གཅིག་ཀྱང་གཉེར་ཡོད། གཞན་ཡང་ཀུང་སིས་ད་དུང་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་50ལྷག་ཙམ་ལས་ཞུགས་ཐུབ་པར་བྱས་ཡོད།

2022ལོའི་ཟླ་5པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་པདྨ་ནོར་འཛིན་ལ“ཐོན་སློབ་མཉམ་འདྲེས་སློབ་ཁྲིད་ཀྱི་དཔེ་སྟོན་རྟེན་གཞིའི”བྱང་བུ་སྤྲད་པ་དང་། བོད་རིགས་ཀྱི་སློབ་ཆེན་སློབ་མ་གསོ་སྐྱོང་དང་ས་གནས་དེ་གའི་ཞིང་འབྲོག་པ་200ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.6བཏང་བའི་པདྨ་ནོར་འཛིན་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་སློབ་མཉམ་འདྲེས་ཐོན་ལས་གླིང་ཡང་ཉེ་དུས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་ཡིན་པ་དང་། བསྐྲུན་རྗེས་སྔོན་དཔག་བྱས་ན་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་420ལས་ཞུགས་ཐུབ་རྒྱུ་རེད། ལྷུན་གྲུབ་རྫོང་ནས་ཡོང་བའི་བསྟན་འཛིན་པདྨ་ནོར་འཛིན་དུ་ལས་ཀ་བྱས་ནས་ལོ་གཉིས་ལྷག་ཙམ་ཕྱིན་ཡོད། ཁོང་གིས་ང་ནི་རི་མོ་འབྲི་མཁན་ཞིག་ཡིན།ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། རང་ཉིད་ཀྱི་དགའ་ཕྱོཊ་བྱ་གཞག་ཏུ་འགྱུར་ཐུབ་པ་དང་། དུས་མཚུངས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་པས་ལས་ཀ་དེར་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད།

པདྨ་ནོར་འཛིན་འགྲེམས་སྟོན་ཁང་དུ་སྐྱོད་སྐབས་མཛེས་སྡུག་ལྡན་པའི་ནོར་གནག་གི་རུས་པའི་ཐོན་རྫས་སྣ་ཚོགས་ཀྱིས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་གི་ཡོད། ཐོན་རྫས་དེ་དག་ཚང་མར་བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་ཀྱི་གཞི་རྒྱུ་འདུས་ཡོད། པདྨ་ནོར་འཛིན་གྱིས་ཀྲུང་ཧྭ་ཡི་རྫ་དཀར་རིག་གནས་དང་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས་བོད་ལྗོངས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ལ་རྩེར་སོན་གྱི་ནོར་གནག་གི་རུས་པའི་ཐོན་རྫས་དང་། རྫ་དཀར་ཐོན་རྫས།ཡུལ་སྐོར་དྲན་རྟེན་དངོས་རྫས། འཚོ་བའི་མཁོ་ཆས་བཅས་སྔོག་འདོན་ཧུར་ཐག་བྱས་པ་དང་འབྲེལ་སྒྱུ་རྩལ་ཐོན་རྫས་དེ་དག་ཁྱེར་ནས་བོད་ལྗོངས་ནས་རྡོག་ཐོན་བྱས་ཏེ།འགྲེམས་སྟོན་དང་འགྲན་བསྡུར་ཆེ་གྲས་སྣ་ཚོགས་ནང་ཞུགས་་པ་དང་། བོད་རིགས་ས་ཁོངས་ཀྱི་ཁྱད་ཆོས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མི་དེ་བས་མང་བར་རྒྱུས་ལོན་ཐུབ་པར་བྱས་ཡོད།

བོད་ལྗོངས་གྲོང་འཕེལ་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡི་ཆེད་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཤིན་གྱིས་ང་ཚོས་མཚོ་བོད་ས་མཐོའི་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་མུ་མཐུད་གཞི་ཚུགས་པ་དང་།ཐོན་སྐྱེད་ནུས་ཤུཊ་གསར་པ་འཕེལ་རྒྱས་ཤུཊ་ཆེན་གཏོང་བ། ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཕུན་སུམ་ཚོཊ་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་ཡི་བོད་ལྗོངས་རྫ་དཀར་གཞི་རྟེན་དུ་བྱས་ནས་ཕུལ་བྱུང་གི་ཀྲུང་ཧྭ་ཡི་རིག་གནས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་བཏང་ཐོག ཀྲུང་ཧྭ་ཡི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180359.html 1 པདྨ་ནོར་འཛིན་ཀུང་སིས་བོད་ལྗོངས་སུ་ཕུལ་བྱུང་གི་སྲོལ་རྒྱུན་ རིག་གནས་ཁྱབ་གདལ་བཏང་བ། /enpproperty-->