分享按钮

(པར་ངོས་དང་པོར་མཐུད)གསར་གཏོད་རང་བཞིན་དོན་འཁྱོལ་བྱེད་དགོས་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྐུལ་ལྕག་ཚོད་འཛིན། ལྟ་སྐུལ་འགན་འཁྲི་བདའ་འདེད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འབྱུང་ཁམས་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པ། ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་ན་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་བསམ་འཆར་དང་། བེད་མེད་དུ་ལུས་པ་དང་ཕན་འབྲས་ཐོན་ཆུང་བའི་ས་ཆ་བེད་སྤྱོད་ལེགས་པར་བྱ་རྒྱུར་སྐུལ་འདེད་བཏང་ནས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར། ཁྲིམས་འགལ་གྱི་འཛུགས་སྐྲུན་གསར་དུ་ཐོན་རྒྱུར་ཚོད་འཛིན་ནན་པོ་བྱེད་པའི་ལས་དོན་བསམ་འཆར་བཅས་གཏན་འབེབས་བྱས་པ་དེས་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་གང་མགྱོགས་དང་། ས་ཆའི་ཐོན་ཁུངས་ནུས་ལྡན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས“འགལ་བ་གཉིས”ཀྱི་འཕར་ཚད་ཚོད་འཛིན་ནན་པོ་བྱ་རྒྱུར་ཕན་ནུས་ངེས་ཅན་ཐོན་རྒྱུ་ཡིན་པས། ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལས་ཀའི་གོ་རིམ་ལེཊ་སུ་གཏོང་བ་དང་། ལས་ཀའི་ཆོས་ཉིད་འཚོལ་ཞིབ་བྱེད་པ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཆེད་དོན་གསོ་སྦྱོང་བྱས་ཏེ་རང་བྱུང་ཐོན་ཁུངས་གཏོཊ་སུ་སྲིད་ཇུས་གསོ་སྦྱོང་དང་དྲིལ་བསྒྲཊ་གསལ་འགྲེལ་སོགས་ཀྱི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་གོམ་སྟབས་གཅིག་གྱུར་གྱིས་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་འཁོར་གྱི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཛུགས་པ་དང་། འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གདུབ་ཟུམ་རྣམ་པའི་ལས་ཀ་དང་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། སྲིད་ཇུས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ལག་བསྟར་དང་ཕན་འབྲས་དཔྱད་དཔོག་ཟུང་འབྲེལ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་དཔྱད་དཔོག་བྱས་ཏེ།སྲིད་ཇུས་དང་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་ཚང་དང་ལེགས་སུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག དུས་བཀག་ལྟར་ཚད་ལྡན་རང་བཞིན་གྱི་ཡིག་ཆར་གཙང་བཤེར་དང་མེད་པར་བཟོས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་གཏོང་བ་ དང་། ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180358.html 1 /enpproperty-->