分享按钮

“ཤེས་དཔལ་གྱི་ཁྲེང་ཀོན་དང་ཆེས་བཟང་ཤོས་ཀྱི་ངལ་རྩོལ”ཞེས་པའི་རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་བྱས་པ།

ཞུས་ཧའེ་ཡིས་ཤིས་ཚིག་བསྒྲོན་པ་དང་སུང་ལིའུ་ཀྲུའུ་བྱེད་སྒོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་ཕྱི་དྲོ“ཤེས་དཔལ་གྱི་ཁྲེང་ཀོན་དང་ཆེས་བཟང་ཤོས་ཀྱི་ངལ་རྩོལ”ཞེས་པའི་རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་བྱེད་སྒོར་ཞུགས་པ་རེད།

ཞུས་ཧའེ་ཡིས་ཤིས་ཚིག་སྒྲོན་སྐབས་ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་དང་། “འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བ། “གདོང་དམག་བདུན”ཡག་པོ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག ཁྲེང་ཀོན་ཆུས་ཀྱིས“ཁུལ་ལྔའི་འཛུགས་སྐྲུན”ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་སྡུད་ཀྱི་འགག་རྩའི་ལོ་ཞིག་བཅས་ཡིན། ངལ་རྩོལ་པ་ཡོངས་ཀྱིས་རང་འགན་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་བསམ་བློ་བཏང་ནས“ཁུལ་ལྔའི་འཛུགས་སྐྲུན”ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེན་པོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ནང་ཞུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་དོན་ཆེན་གལ་ཆེན་ཁྲོད་དུས་རབས་གསར་པའི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། བདག་པོའི་སྙིང་སྟོབས། ལག་ཤེས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཐེངས་འདིའི་བྱེད་སྒོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ”དང་། “ངལ་རྩོལ་གྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ”གཙོ་དོན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་འཕེལ་བར་བྱེད་དང་མཐུན་སྒྲིལ་ཡར་རྒྱས་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆེད་དུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 ཞུས་ཧའེ་ཡིས་ཤིས་ཚིག་བསྒྲོན་པ་དང་སུང་ལིའུ་ཀྲུའུ་བྱེད་སྒོར་ཞུགས་པ། 6 6 拉萨日报藏文 c180356.html 1 “ཤེས་དཔལ་གྱི་ཁྲེང་ཀོན་དང་ཆེས་བཟང་ཤོས་ཀྱི་ངལ་རྩོལ”ཞེས་པའི་རྒྱལ་སྤྱིའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་བྱས་པ། /enpproperty-->