ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་བདེ་སྐྱིད་སྡེ་ཁུལ་གྱིས་དྲ་མིག་བཅོས་སྐྱོང་གི་ཞིབ་ཚགས་ཅན་དང་གནད་སྨིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞི་ཚུགས་ཏེ། གོམ་སྟབས་ལ་བརྟེན་ནས་དྲ་མིག་གི་ཚད་འཇལ་བ་དང་། ཞབས་ཞུར་བརྟེན་ནས་དམངས་སེམས་གཅིག་ཏུ་བསྒྲིལ་རྒྱུར་དམིགས་ཏེ།“དྲ་མིག་བདུན”དང“དྲ་མིག་ཆུང་གྲས་ཀྱི་བཅོས་སྐྱོང”ལས་ཀའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས་གྲོང་མི་མང་ཚོགས་ལ་བློ་བདེ་བག་ཕེབས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད།
ཏང་གི་རྩ་འཛུགས་དྲ་མིག་ལས་དོན་ནང་ཁྱབ་པར་བྱས་པ།
བདེ་སྐྱིད་སྡེ་ཁུལ་གྱིས“དྲ་མིག་ཚང་མར་ཏང་རྩ་འཛུགས་ཡོད་པ་དང་ཏང་ཡོན་ཚང་མ་དྲ་མིག་ནང་གནས་པའི”དམིགས་ཚད་ལ་དམིགས་ནས་དྲ་མིག་ཏང་ཀྲི་པུའུ་འཛུགས་སྐྱོང་ཏན་ཏིག་དང་སྟོབས་ཆེར་གཏོང་བའི་རྨང་གཞིའི་ཐོག“ཏང་ཡོན་གྱི་ལྟེ་བའི་དུད་ཚང”གི་འཁོར་སྐྱོད་ལམ་སྲོལ་ལག་བསྟར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཏང་ཡོན་གྱིས་སྡེ་ཁུལ་ནང་མཉམ་འདྲེས་དང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་བཏང་བ་རེད།མིག་སྔའི་བར།གྲོང་མི་ཏང་ཡོན་10ཐག་ཉེ་ས་དང་སྟབས་བདེ་ས་ནས་རང་མོས་ངང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་དུ་གྱུར་པར་མ་ཟད།ཉེ་འགྲམ་གྱི་མང་ཚོགས་དུད་ཚང་10ནས་20བར་ལ་ཁྱབ་ཁོངས་རང་བཞིན་གྱི་ཞབས་འདེགས་ཞུས་པ་རེད།
བདེ་སྐྱིད་སྡེ་ཁུལ་ཏང་ཡོན་གྱི་ལྟེ་བའི་དུད་ཚང་གི་ཚེ་བརྟན་པད་མས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ཁྲིད་སྟོན་འོག ང་རང་རང་མོས་ངང་ཏང་ཡོན་གྱི་ལྟེ་བའི་དུད་ཚང་གི་ཁོངས་མིར་གྱུར་ནས་སྒྲིག་བཀུར་ཁྲིམས་སྲུང་དང་། ཡ་རབས་གཏམ་སྤྱོད། ཐབས་འདོན་ཇུས་འབུལ། སྡེ་ཁུལ་ནང་མཉམ་འདྲེས་སོགས་ཀྱི་ཐད་རང་ནུས་ལེགས་སྐྱེས་སུ་ཕུལ་ཡོད། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པའི་ཐད་རང་འགུལ་སྔར་ལས་ཆེ་བ་དང་། རང་ཉིད་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངོས་འཛིན་གཅིག་མཐུན་གྱི་བསམ་པ་དང་འགན་འཁྲི་འཁུར་སེམས་ཀྱང་སྔར་ལས་ཆེ་རུ་ཕྱིན་པའི་སྣང་བ་ཞིག་བྱུང་ཞེས་བཤད།
ན་ནིང་ནས་བཟུང་།སྡེ་ཁུལ་དེས་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་ལྷོ་བྱང་གཉིས་སུ་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་གཉིས་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་ཡུལ་མི་དང་ཡུལ་སྐོར་བར་རིན་མེད་ངང་འཐུང་ཆུ་དང་། གློག་གསོག དཔེ་དེབ་ལྟ་ཀློག སྲིད་ཇུས་བློ་འདྲིར་ལན་འདེབས་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་དང་སྤྱི་ཡོངས་མཉམ་འགུལ་གྱི་ཕན་འབྲས་ཐོན་པར་བྱས་ནས་རྩ་འཛུགས་ཀྱི་ཁྱབ་ཚད་དང་ཞབས་ཞུ་དེ་མང་ཚོགས་ཀྱི་སྒོ་འགྲམ་དུ་དངོས་སུ་ཁྱབ་པར་བྱས་ཡོད།
བདེ་སྐྱིད་སྡེ་ཁུལ་གྱི་གྲོང་མི་བཀྲ་རྒྱས་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་བསྐྲུན་རྗེས། ངས་ཚ་མོ་སྐྱེལ་བསུ་བྱེད་སྐབས་དེ་གར་ཆུ་འཐུང་བ་དང་ངལ་གསོ་རྒྱག་པར་ཡོང་ཆོག་ལ། ཉེ་འགྲམ་ནས་རིག་གནས་ཀྱི་བྱེད་སྒོ་དང་སྲིད་ཇུས་སྒྲོག་འགྲེལ་ནང་ཞུགས་ཆོག་གི་ཡོད།ད་ཆ་སྡེ་ཁུལ་དང་ང་ཚོའི་གྲོང་མིའི་དབར་གྱི་འབྲེལ་བ་ཉེ་རུ་ཕྱིན་ནས་ཞབས་ཞུ་སྟབས་བདེ་བ་དང་། མི་དམངས་དང་སྙིང་ཉེ་རུ་ཕྱིན་ཡོད་ཅེས་བཤད།
འགལ་བ་དང་རྩོད་གཞི་དྲ་མིག་ལས་དོན་བརྒྱུད་ནས་འདུམ་འགྲིག་བྱེད་པ།
བདེ་སྐྱིད་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་རྐང་བཙུགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཁུལ་དེས་ཆེད་བསྐོས་དྲ་མིག་པའི“མིར་ཆ་རྒྱུས་ཡོད་པ་དང་།ས་ཆར་རྒྱུས་མངའ་ཡོད་པ།གནས་ཚུལ་ལ་རྒྱུས་མངའ་ཡོད་པ”བཅས་ཀྱི་ལེགས་ཆ་སྤྱད་དེ“སྤྱིར་བཏང་གི་འགལ་བ་དང་རྩོད་གཞི་དྲ་མིག་ནས་དུས་ཐོག་ཏུ་འདུམ་འགྲིག་བྱེད་པ་དང་།རྙོག་འཛིང་ཆེ་བའི་འགལ་བ་དང་རྩོད་གཞི་སྡེ་ཁུལ་ནང་གཅིག་སྡུད་ཐོག་ཐག་གཅོད་བྱེད་པ།འགལ་བ་དང་རྩོད་གཞི་ཚབས་ཆེན་དག་སྲིད་འཛིན་ཁྲིམས་འཛིན་གྱི་ཐབས་ལམ་བརྒྱུད་དེ་འདུམ་འགྲིག་བྱེད་པ”བཅས་ཀྱི་བྱ་ཐབས་སྤྱད་དེ་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཤེས་རྟོཊ་དང་།མགྱོགས་མྱུར་ཡུལ་དངོས་སུ་འབྱོར་བ། མཉམ་འབྲེལ་ཐོག་ཐག་གཅོད་བྱེད་པ། རྗེས་སྙེག་འཚམས་འདྲི་བྱེད་པ་བཅས“གོམ་སྟབས་བཞིའི་ལས་ཀའི་ལམ་སྲོལ”ཁྱབ་སྤེལ་བཏང་སྟེ། གནད་དོན་ཐོན་མ་ཐག་མེད་པར་བཟོ་བ་དང་ཐག་གཅོད་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།
བདེ་སྐྱིད་སྡེ་ཁུལ་གྱི་ཆེད་བསྐོས་དྲ་མིག་པ་བསོད་སྒྲོན་གྱིས་ང་ཚོས་སྐོར་ཞིབ་བྱེད་རིང་།བོགས་གཏོང་དུད་ཚང་ཞིག་དང་སྡེ་ཁུལ་གྱི་སྡེ་ལས་དབར་ཡུན་རིང་འགལ་བ་ཡོད་པ་ཤེས་རྟོགས་བྱུང་། འདི་ལོའི་ཟླ་4པའི་ཟླ་འགོར་བོགས་གཏོང་དུད་ཚང་དེ་དང་སྡེ་ཁུལ་གྱི་བདེ་སྲུང་དབར་ཁ་རྩོད་ཤོར་ནས་འགལ་བ་ཛ་དྲག་ཏུ་ཕྱིན་པས། ང་ཚོས་དུས་ཐོག་ཏུ་དྲ་མིག་ཅན་གྱི་མི་དམངས་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ཏེ། ཡུལ་དངོས་སུ་འདུམ་འགྲིག་བྱས་ནས་ཕྱོགས་གཉིས་པོའི་དབར་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་།འགལ་བ་དང་རྩོད་གཞི་དུས་ཐོག་ཐག་གཅོད་ནུས་ལྡན་བྱས་ཡོད་ཅེས་བཤད།
དང་བླངས་ཞབས་ཞུ་དྲ་མིག་ལས་དོན་ཁྲོད་དུ་སྤེལ་བ།
“སྲིད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་པ་དང་། འགྲིམ་འགྲུལ་སྣེ་ཁྲིད་བྱེད་པ། ལྗང་མདོག་མང་དུ་གཏོང་བ་སོགས་དང་བླངས་ཞབས་ཞུ”གཞི་རྟེན་དུ་བྱས་པའི“8+N”ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད་པ་དང་སྐར་མ་གཉིས་གསོག་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་། ཁོངས་གཏོགས་ཁུལ་གྱི་རིམ་ཁག་ལས་ཁུངས་དང་།ཁེ་ལས།བྱ་གཞག་ཚན་པ་བཅས་ཀྱི་ལས་ཐོག་ཏང་ཡོན་1000ལྷག་ཙམ་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་འབྲེལ་དང་བླངས་ཞབས་ཞུ་སྤེལ་རྒྱུར་སྐུལ་འདེད་བཏང་བས་སྤྱིའི་སྐར་མ་34000བསགས་པ་དང་།ཆ་སྙོམས་ལས་ཐོག་ཏང་ཡོན་རེ་རེ་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་17ནང་ཞུཊ་ཡོད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་ཐོག་ཏང་ཡོན་རིག་འཛིན་དཔལ་མོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དེས་ང་ཚོར་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པ་དང་།མཉམ་འདྲེས་གཏིང་ཟབ་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད། མང་ཚོགས་ལ་ཞབས་འདེགས་ཞུ་ཐེངས་རེ་དང་དཀའ་ངལ་རེ་རེ་བཞིན་ཐག་གཅོད་བྱེད་རོགས་བྱེད་པའི་ཁྲོད། ཏང་ཡོན་ཞིག་ཡིན་པའི་ངོས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་འགན་སྒྲུབ་སེམས་དང་གཟི་བརྗིད་ཀྱི་བསམ་པ་ཟབ་མོ་ཚོར་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་དེས་སིལ་ཚོང་བཟའ་བཏུང་དང་སྨན་བཅོས་སྒྲིག་གཞི་25དང་ཆ་བསགས་སྐར་མ་བརྗེ་རྒྱུའི་གྲོས་མཐུན་བཞག་པ་དང་། ལས་ཐོག་ཏང་ཡོན་གྱིས་ཆ་བསགས་སྐར་མ་20ཟིན་ཚེ་རིན་པ་མི་དགོས་པར་སྒོར་1200ཡི་གཟུགས་པོར་བརྟག་དཔྱད་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། ཆ་བསགས་སྐར་མ་5ཟིན་ཚེ་རིན་པ་མི་དགོས་པར་ཆེད་ལས་སོ་འཁྲུད་ཐེངས་གཅིག་ལོངས་སུ་སྤྱོད་ཆོག་གི་ཡོད།
དམངས་ཀྱི་རེ་འདུན་དྲ་མིག་ལས་དོན་བརྒྱུད་ནས་ཐག་གཅོད་བྱེད་པ།
ཆེད་གཉེར་དྲ་མིག་ལས་དོན་པར་རེ་ཞུ་འབྱོར་ནས་དུད་ཚང་དུ་བཅར་འདྲི་དང་། རིམ་པ་དབྱེ་བ་དང་རྣམ་པ་དབྱེ་བའི་ཐོག་ནས་མཐུན་སྦྱོར་ཐག་གཅོད་བྱེད་པ། དུས་བཀག་ནང་རྗེས་འདེད་བསྐྱར་འདྲི་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་དམངས་ཀྱི་རེ་འདུན་བརྒྱ་ཆ་80དྲ་མིག་ནས་ཐག་གཅོད་བྱས་པ་རེད།
བདེ་སྐྱིད་སྡེ་ཁུལ་གྱི་ཡུལ་མི་བསྟན་འཛིན་གྱིས་སྔོན་ཆད་སྡེ་ཁུལ་གྱི་གཞུང་ལམ་གཙོ་བོ་ཕྱོགས་གཉིས་སུ་འགྲོ་སྐྱོད་བྱེད་ཆོག་པས་སྔ་དགོང་གི་དུས་སུ་རླངས་འཁོར་མང་བས་དུས་ཡུན་རིང་པོ་འགག་གི་ཡོད་ལ།ལས་མཚམས་བཞག་ནས་ཁྱིམ་དུ་ལོག་སྐབས་སུ་ཡང་རླངས་འཁོར་འཇོག་ས་རྙེད་ཀྱི་མེད། སྡེ་ཁུལ་གྱིས་གནས་ཚུལ་དེར་མཐོང་ཆེན་ཆེན་པོ་བྱས་ནས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་དང་དུས་ཐོག་ཏུ་འབྲེལ་གཏུག་བྱས་ཏེ།གཞུང་ལམ་གཙོ་བོར་ཕྱོགས་རྐྱང་པར་འགྲུལ་རྒྱུག་བྱེད་པའི་སྒྱུར་བཀོད་བྱས་པ་དང་། ཕྱོགས་གསུམ་པའི་ཀུང་སི་གདན་དྲངས་ནས་རླངས་འཁོར་འཇོག་ས་འཆར་འགོད་བྱས་པ་དང་སྦྲགས། གཅིག་གྱུར་ངང་གྲོན་དངུལ་བསྡུ་བའི་དོ་དམ་བྱས་པས་རླངས་འཁོར་འཇོག་དཀའ་བ་དང་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་བཤད།
གཞན་ཡང་། སྡེ་ཁུལ་གྱིས་གྲོང་མི་མང་ཚོགས་ཀྱིས“དཀའ་ངལ་ཡོད་ན་སྡེ་ཁུལ་འཚོལ་བའི”ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་མུ་མཐུད་ཤུགས་འདོན་བྱས་ཏེ།ཆེད་གཉེར་དྲ་མིག་ལས་དོན་པ་ཁྱིམ་ཚང་དུ་སྐྱོད་པ་དང་།གཉེན་འཕྲད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་དང་བར་ཐག་ཟམ་མི་ཆད་པར་ཉེ་རུ་བཏང་ནས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བྱ་བ་ཚང་མ་ལེགས་པར་བསྒྲུབས་ཡོད།
བདེ་སྐྱིད་སྡེ་ཁུལ་གྱི་གྲོང་མི་བདེ་གཡང་གིས་སྔོན་ཆད་ཁྱིམ་དུ་ཛ་དྲག་གི་གནས་ཚུལ་ཐོན་པ་དང་དཀའ་ངལ་འཕྲད་སྐབས་ངས་སྡེ་ཁུལ་གྱི་རོགས་རམ་འཚོལ་རྒྱུ་དེ་སྤྱིར་སྟངས་དྲན་གྱི་མེད། ད་ལོ་སྡེ་ཁུལ་གྱིས་ང་ཚོའི་སྡེ་ཁུལ་ཚང་མར་དྲ་མིག་ཅན་གྱི་དམངས་ཕན་ཞབས་ཞུའི་འབྲེལ་གཏུག་བྱང་བུ་སྤྲད་པས། ངས་འབྲེལ་གཏུག་བྱང་བུ་བརྒྱུད་སྡེ་ཁུལ་གྱི་ལས་དོན་མི་སྣར་འབྲེལ་གཏུག་བྱས་པས་དཀའ་ངལ་ཚང་མར་རོགས་རམ་དང་ཐག་གཅོད་བྱེད་རོགས་བྱས་བྱུང་བས། སྡེ་ཁུལ་གྱི་ཞབས་ཞུའི་དོ་དམ་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དངོས་སུ་ཚོར་བྱུང་ཞེས་བཤད།
དམངས་འཚོའི་ལས་དོན་དྲ་མིག་བརྒྱུད་ནས་གཉེར་བ།
བདེ་སྐྱིད་སྡེ་ཁུལ་གྱིས་དྲ་མིག་གི་དགོས་མཁོ་མི་འདྲ་བའི་མང་ཚོགས་ལ“སྒོ་རྩར་བསྐྱོད་ནས་རམ་འདེགས་བྱེད་པ་དང་། ཚབ་བྱས་ནས་རོགས་རོམ་བྱེད་པའི”ཕྱོགས་ཡོངས་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社