ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་28ཉིན། གློག་ཤུགས་འཛུགས་སྐྲུན་ཁྲེང་ཏུའུ་སྒོ་རའི་ལྷ་ས་གྲོང་ཁྱེར་ཆུ་རྒྱུད(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ཀྱི་ཆུ་བོའི་འབྱུང་ཁམས་ལེགས་སུ་གཏོང་བའི་ལས་གཞིའི་རྣམ་གྲངས་ཁུལ་དུ“ལོ་ལྔ་ཚན་བཅུ་བཞི་པའི་ནང་འབད་བརྩོན་ཆེན་པོས་ལྷ་སའི་ཆུ་རྒྱུན་གྲོང་ཁྱེར་མཉམ་དུ་གཏོད”ཅེས་པའི་ངལ་རྩོལ་འགྲན་བསྡུར་གྱི་འགོ་ཚུགས་ཚོགས་ཆེན་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཚོགས་འདུར་ཞུགས་ཡོད།
འགོ་ཚུགས་ཚོགས་ཆེན་ཐོག་བཀྲ་ཤིས་དཔལ་སྒྲོན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ཀྱི་ཆུ་བོའི་འབྱུང་ཁམས་ལེགས་སུ་གཏོང་བའི་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གི་ཨར་ལས་མི་སྣས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པ་རེད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ཀྱི་ཆུ་བོའི་འབྱུང་ཁམས་ལེགས་སུ་གཏོང་བའི་ལས་གཞི་དེ་གྲོང་ཁྱེར་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་བར་བདེ་འཇགས་ལས་འཛོལ་མེད་པའི་གནས་ཚུལ་མུ་མཐུད་རྒྱུན་འཁྱོངས་དང་གོང་འོག་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་ཆུ་འབྲུབ་དུས་གོང་ལས་གཞི་དེ་ལེགས་གྲུབ་ཡོང་བའི་བརྩོན་ལེན་བྱས་ནས་ལས་གཞི་སྤུས་ལེགས་གཏོད་དེ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་སྤྲོ་གསེང་དང་། རོལ་རྩེད། ལྟ་སྐོར་བཅས་བྱེད་ས་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社