分享按钮

(པར་ངོས་དང་པོར་མཐུད)གྲོང་ཁྱེར་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དོ་དམ་ཁྲོད་ཀྱི“ནད་རྙིང”ཐག་གཅོད་ཤུགས་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་འདི་ཉིད་སྤུས་ཚད་སྔར་བས་ཡག་པ་དང་། འཚོ་སྡོད་སྔར་བས་ཡག་པ། མཛེས་སྡུག་སྔར་བས་ལྡན་པ་བཅས་ཡོང་བར་བྱེད་དགོས།

ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་སྟེ། གྲོང་ཁྱེར་གྱི་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཚད་གཞི་འཐུས་ཚང་དུ་བཏང་ནས་ནུས་ཆེ་གཅིག་གྱུར་དང་། འགན་འཁྲི་ཁ་གསལ། འགན་སྲུང་ནུས་ལྡན་བཅས་ཀྱི་གྲོང་ཁྱེར་དོ་དམ་ལས་ཀའི་མ་ལག་འཛུགས་རྒྱུར་ཤུགས་བརྒྱབ་སྟེ། གྲོང་ཁྱེར་དོ་དམ་གྱི་ལས་ཀ་ཁག་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

འགན་འཁྲི་གསལ་པོ་བཟོ་དགོས་པ་སྟེ། གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁོངས་གཏོགས་སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་རེ་རེ་བཞིན་གསེད་བཀྲོལ་དང་། དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་པ། སྣེ་ཁྲིད་སྡེ་ཚན་ཁ་གསལ་བཟོ་བ། དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལས་ཀར་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ་དང་། ཕྱོགས་ཁག་གྲོང་ཁྱེར་དོ་དམ་ནང་ཞུགས་པའི་སྤྲོ་བ་འཕེལ་བར་བྱེད་དགོས།

འགན་འཁྲི་ནན་དུ་གཏོང་དགོས་པ་སྟེ། གྲོང་ཁྱེར་དོ་དམ་ཁྲོད་ཀྱི་སྡེ་ཚན་ཁག་དང་། རྫོང(ཆུས)ཁག ཁྲོམ་གཞུང་ཁག་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། གནོན་ཤུགས་རིམ་པ་རེ་རེ་བཞིན་སྤྲོད་པ། ལས་འགན་ཕན་ཚུན་སྦྲེལ་བ་བཅས་བྱས་ནས་ལས་ཀ་ཚང་མར་དོ་དམ་བྱེད་མཁན་དང་ལྟ་རྟོག་བྱེད་མཁན། སྒྲུབ་མཁན་བཅས་ཡོད་པར་བྱེད་དགོས་པ་དང་། ཕན་འབྲས་དངོས་སུ་ཐོབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས།

སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་དེ་དམ་འཛིན་བྱ་གཞིར་འཛིན་པ་དང་། རྣམ་པ་ཀུན་ཏུ“བྱ་སྤྱོད་ཆེན་པོ་བརྒྱད”ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་འགག་པ་དང་རླངས་འཁོར་འཇོག་དཀའ་བ། སྒྲིག་འགལ་རླངས་འཁོར་མང་བ། འཛེར་སྒྲ་ཆེ་བ་སོགས་ཀྱི་གནད་དོན་མུ་མཐུད་དུ་བཅོས་སྒྲིག་བྱེད་པ། མང་ཚོགས་ལ་འགྱུར་ལྡོག་དངོས་གནས་ཚོར་བར་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དོ་དམ་བྱེད་སྟངས་གསར་པ་དང་ཉམས་མྱོང་བཟང་པོ་གསར་གཏོད་བྱེད་པ་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་སུ་དཔེ་སྟོན་དང་ཚད་གཞི་གཏོད་དགོས།

འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་སྟེ། དགོངས་གཞི་ནན་པོ་དང་སྤྱོད་ཚུལ་དངོས་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་གྱི་ལས་དོན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་ལ་སྐུལ་འདེད་ནུས་ལྡན་མི་གཏོང་བ་དང་། ཁག་ཕར་དཀྲི་ཚུར་དཀྲི་བྱེད་པ། ལས་འགན་འཛོལ་བར་བྱེད་པ་སོགས་ལ་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180353.html 1 /enpproperty-->