分享按钮

ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུར་གསན་ནས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་དང་དེའི་ལས་ཀའི་འགན་འཁྲི》ལ་གྲོས་ཞིབ་གནང་བ་དང་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ།

ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུར་གསན་ནས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་དང་དེའི་ལས་ཀའི་འགན་འཁྲི》ལ་གྲོས་ཞིབ་གནང་བ་དང་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིན། ཧོ་ཕུང་། འཇམ་དབྱངས་བློ་གྲོས། ཀྲང་ཏིང་ཁྲེང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་གསུངས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་ལེན་དུ་བསྟར་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་རབ་དང་རིམ་པ་གཞིར་བཟུང་། གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་བཟོ་དགོས་པ་དང་། དངོས་གནས་དྲང་གནས་ཀྱི་བྱ་ཐབས་དང་གྱོང་པོས་གྱོང་པོར་གཏད་པའི་སྤྱོད་ཚུལ་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་ཞིབ་ཚགས་སུ་འགྲོ་རྒྱུ་དང་ཞབས་ཞུའི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། གྲོང་ཁྱེར་གྱི་ལས་དོན་འཛུགས་སྐྱོང་བྱ་རྒྱུ་ནི་གལ་ཆེན་དང་དོ་དམ་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བས། འཛུགས་སྐྱོང་དང་དོ་དམ་གཉིས་ཀ་བྱ་རྒྱུ་རྒྱུན་འཁྱོངས་དང་། “འཚེམ་དྲུབ་རྒྱག་པ”ལྟར་འབད་བརྩོན་བྱེད་པ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ། ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། 6 6 拉萨日报藏文 c180351.html 1 འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུར་གསན་ནས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་དང་དེའི་ལས་ཀའི་འགན་འཁྲི》ལ་གྲོས་ཞིབ་གནང་བ་དང་ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་གནང་བ། /enpproperty-->