བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་།ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། དེ་བས་རྒྱ་ཆེ་བའི་བསམ་ཕྱོགས་དང་། ཤུགས་ཚད་དེ་བས་ཆེ་བ། དེ་བས་དོན་དངོས་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་འཛད་སྤྱོད་ཁྲོམ་ར་སྔར་བས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཁྲེན་ཡུང་ཆི་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ལྷ་སས་ཁྱབ་གདལ་ནུས་ལྡན་བཏང་བའི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་གི་ཡུལ་སྐོར་མིང་བྱང་གི་གྲས་ཤིག་ཡིན་པའི་ངོས་ནས་ལྷ་སའི་དབྱིངས་ཚོང་ཁྲོམ་གཞུང་གི་ཟས་མཆོག་གི་དྲི་ཞིམ་གང་སར་འཐུལ་བ་དང་འཁྲུག་ཆ་ཡང་ཧ་ཅང་དོད་པོ་ཡོད། ཡན་ཅིན་ཧའེ་དང་བཅས་པས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་ཁྲོམ་བཀྱག་ལ་གཟིགས་ཀྱིན་དུ་ཚོང་ཁྲོམ་འཛུགས་སྐྱོང་དང་ཚོང་དུད་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཚོང་དུད་ལ་ཁྲིམས་སྲུང་གཉེར་སྐྱོང་དང་བདེ་འཇགས་གཉེར་སྐྱོང་གཙོ་བོར་འཛིན་པ་དང་། སྤུས་ཚད་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་འགུགས་པ་དང་ཞབས་ཞུར་བརྟེན་ནས་བསྔགས་བརྗོད་ཐོབ་པར་བྱས་ཏེ་བོད་ཀྱི་བྲོ་བ་དང་ཉམས་འགྱུར་མངོན་པར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཡན་ཅིན་ཧའེ་ཡིས“ལྔ་གཅིག”གུང་གསེང་འཆར་ཉེར་ཡོད་པས་དུས་ཆེན་གལ་ཆེན་གྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་ཕུན་སུམ་ཚོགས་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བའི་ཡིད་དབང་བཀུག་སྟེ་འཛད་སྤྱོད་ཁྲོམ་ར་སྔར་བས་འཁྲུག་ཆ་དོད་དུ་གཏོང་བ་དང་། མི་དེ་བས་མང་བའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། སྤུས་ལེགས་འཛད་སྤྱོད་མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཞེས་གསུངས་པ་རེད།
ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་བོད་ཀྱི་འགག་སྒོའི་དམིགས་བསལ་ལྟ་འདོམས་ས་ཁོངས་ཐོག་མ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社