ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་29ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ།《འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག》ལ་སློབ་སྦྱོང་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱེད་པའི་ལག་བསྟར་བསམ་འཆར་དང་། ཕན་འབྲས་ཐོན་ཆུང་བའི་ས་ཆ་བེད་སྤྱོད་ལེགས་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར།ཁྲིམས་འགལ་འཛུགས་སྐྲུན་གསར་དུ་ཐོན་རྒྱུར་ཚོད་འཛིན་ནན་པོ་བྱེད་པའི་ལས་ཀའི་བསམ་འཆར་དང་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཙང་བཤེར་བྱེད་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུའི་ཐོག 《འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག》ནི་རྒྱལ་ཁབ་ཀྱིས་འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལ་དམིགས་པའི་རྨང་གཞིའི་རང་བཞིན་དང་།ཕྱོགས་བསྡུས་རང་བཞིན་གྱི་སྲིད་འཛིན་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་།འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད། ཁྲིམས་ལྟར་ལག་བསྟར་བྱས་ཏེ་ཁ་གསབ་ཀྱི་རྩ་དོན་དང་། ཁྱབ་ཁོངས། ཚད་གཞི་སོགས་ལ་ནན་པོར་གཞིགས་ནས་ཁ་གསབ་ཀྱི་ལས་དོན་ཁག་སྤེལ་དགོས་པ་དང་།སྲུང་སྐྱོབ་བྱེད་མཁན་དང་བྱས་རྗེས་འཇོག་མཁན་ལ་དངོས་འབྲེལ་ཕན་པ་ཐོབ་པར་བྱེད་དགོས་ལ། གསར་གཏོད་དོན་འཁྱོལ་བྱས་ཏེ《མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་བླང་བྱ་དང་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社