བོད་ལྗོངས་གྲོང་འཕེལ་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི(གཤམ་དུ་པདྨ་ནོར་འཛིན་ཞེས་བསྡུ་རྒྱུ)ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྨང་གཞིར་བྱས་ཏེ་ཀྲུང་ཧྭ་ཡི་རིག་གནས་སྤེལ་རེས་དང་རྒྱུན་འཛིན་ལ་གཞོལ་བའི་རིག་གནས་འཕེལ་རྒྱས་ཀྱི་ཀུང་སི་ཞིག་རེད། ད་ལོ་ཀུང་སི་དེར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་ལག་ཁྱེར་ཐོབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འདུན་པ་མངོན་འགྱུར་བྱུང་ཡོད།
པདྨ་ནོར་འཛིན་གྱི་ནང་དུ་སྐྱོད་སྐབས་གོ་རིམ་ལྡན་པའི་སྒོ་ནས་བཞག་པའི་རྫ་སྣོད་མིག་ལམ་དུ་མངོན་གྱི་ཡོད་ཅིང་། རྫ་སྣོད་ཐོག་བོད་རིགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་སྣ་ཚོགས་བྲིས་ཡོད་པས་ཚོན་མདངས་རྣམ་པར་བཀྲ་ལ་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། སློབ་ཁྲིད་རྟེན་གཞིར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཡོང་བའི་སློབ་མ་ཚོས་སློབ་ཁྲིད་ལ་ཉན་བཞིན་ཡོད། ལ་ལས་གློག་ཀླད་ཀྱི་མཉེན་ཆས་ཐོག་རི་མོ་འབྲི་བ་དང་། ལ་ལས་སྐྱ་བྲིས་ཤོག་བུའི་ཐོག་བཤུ་འབྲི་བྱེད་པ་སོགས་བློ་རྩེ་གཅིག་སྒྲིམ་ངང་འབད་བརྩོན་བྱེད་བཞིན་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་བུ་ཆུང་གིས་ང་ཚོ་ནི་2022ལོའི་སྒྱུ་རྩལ་ཇུས་འགོད་འཛིན་གྲྭའི་སློབ་མ་ཡིན། ཁྱོན་སློབ་མ་28ཀྱིས་ཀུང་སིར་སློབ་སྦྱོང་བྱེད་བཞིན་ཡོད། འདི་གར་ང་ཚོས་རྫ་དཀར་བཟོ་བ་སོགས་ཀྱི་ལག་རྩལ་སྦྱངས་པ་ཡིན།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社