分享按钮

ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་ ཟླ་5ཚེས་1ཉིན་ལས་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་ཀྱིས་ས་ཁུལ་ཞིག་གི་འཚོ་བའི་རྣམ་པ་མངོན་ཐུབ་ལ་དེ་ནི་དཔལ་འབྱོར་ཚོང་ལས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་གཏོད་ཆེད། ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་དེ་ཟླ་4ཚེས་25ཉིན་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ཟླ་5ཚེས་1ཉིན་དངོས་སུ་ལས་འགོ་ཚུགས་པ་རེད།

ལྷ་སའི་མཐོ་གསར་ཁུལ་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་ནི་བོད་ལྗོངས་གཟི་བརྗིད་ཚོགས་པས་བསྐྲུན་པའི་དབྱིངས་ཞུགས་རྣམ་པའི་ཚོང་ལས་ཀྱི་འཐུས་ཚབ་ཏུ་གྱུར་པའི་ཁྲོམ་གཞུང་ཞིག་ཡིན་པ་དང་རྣམ་གྲངས་དེའི་འཛུགས་སྐྲུན་ལ་རྒྱ་ཁྱོན་སྨི་ངོས་གྲུ་42273ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་4.7བཏང་བར་མ་ཟད། རླངས་འཁོར་འཇོག་སའི་ནང་འབྱུང་ཁམས་མཛེས་ལྗོངས་ཁུལ་14བཙུགས་ཡོད་པ་རེད། མིག་སྔར་ཁྲོམ་གཞུང་དེའི་སྤྱིའི་ཚོང་འགུགས་བྱེད་ཚད་བརྒྱ་ཆ་80ཟིན་པ་དང་བོད་ལུགས་ཁྱད་ལྡན་གྱི་ཟས་རིགས་དང་། སྤྲོ་གསེང་རོལ་རྩེད། རིག་གནས་གསར་གཏོད་དཔེ་དབྱིབས་སོགས་སྤུས་རྟགས་ཚོང་ཁང་མང་པོ་ཞིག་བཅའ་སྡོད་བྱས་ཡོད། ཁྲོམ་གཞུང་དེས་ད་དུང་ལྷ་སའི་དབྱིངས་ཀྱི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བའི”ཞིམ་ཟས་ཁྲོམ་གཞུང་དང་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་གཙོ་གནད་ཐོག་བསྐྲུན་ནས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་སྐུལ་སློང་བྱ་རྒྱུ་ཡིན་པ་རེད།

ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་དུ“བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་དང་དེང་རབས་གྲོང་ཁྱེར་གྱི་དར་སྲོལ”གྱི་གཙོ་དོན་ཁྱད་ཆོས་མངོན་གསལ་དོད་པོས་མངོན་པ་དང“རྩེར་སོན་རྒྱས་སྤྲོས་དངོས་རྫས”ཀྱི་ལམ་ཕྱོགས་སུ་བསྐྱོད་པར་སྣང་ཆེན་བྱེད་པ། “བོད་ལྗོངས་ཀྱི་ཟས་རིགས”ཀྱི་སྐར་ཁུང་གཏོད་པ་བཅས་བྱེད་ཀྱི་ཡོད། མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་མང་པོ་ནང་འདྲེན་བྱས་ནས་བོད་ལྗོངས་མི་དམངས་ཀྱི་རྩེར་སོན་འཛད་རྫས་ཀྱི་དགོས་མཁོ་སྐོང་གི་ཡོད། བྲོ་བ་ཞིམ་པའི་ཟས་རིགས་ནི་ལྷ་སའི་དབྱིངས་ཀྱི་ལས་རིགས་གཙོ་བོ་ཞིག་ཡིན་པ་དང་ཚོང་འགུགས་བསྡུར་ཚད་ཀྱི་བརྒྱ་ཆ་60ཡན་ཟིན་གྱི་ཡོད་པ་དེའི་ནང་སྒེར་གྱི་ཚལ་དང་། རྒྱ་ཁོག བོད་ཟས། ཕྱི་རྒྱལ་གྱི་ཟས་རིགས་སོགས་སྣ་ཚོགས་ཚུད་ཡོད་པས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 6 6 拉萨日报藏文 c180348.html 1 ལྷ་སའི་དབྱིངས་ཀྱི་ཚོང་ལས་ཁྲོམ་གཞུང་ཁུལ་ ཟླ་5ཚེས་1ཉིན་ལས་འགོ་ཚུགས་པ། /enpproperty-->