分享按钮

ཚད་གཞི་ནན་པོར་བརྟེན་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་ འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ།

ལྷ་སའི་མཐོ་གསར་ཁུལ་གྱིས་སློབ་གྲྭར་ཟས་རིགས་བདེ་འཇགས་ཤེས་བྱ་འཆད་ཁྲིད་བྱས་པ།

པར་འདི་ནི་ལྷ་སའི་མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་སློབ་གྲྭའི་ཟ་ཁང་གི་ཁོར་ཡུག་འཕྲོད་བསྟེན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་29ཉིན་གྱི་ཕྱི་དྲོ། ལྷ་སའི་མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དམར་དམག་སློབ་ཆུང་དུ། སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱ་རྒྱུ་གཙོ་དོན་དུ་བྱས་པའི་ཟས་རིགས་བདེ་འཇགས་སྐོར་འཆད་ཁྲིད་བྱས་པ་རེད།

འཆད་ཁྲིད་ནང་། ལྷ་སའི་མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཟུགས་པོར་མི་འཕྲོད་པའི་ཟས་རིགས་དང་རྒྱང་ཐག་རིང་དུ་བཏང་ནས་བཟའ་བཏུང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ཏེ་ཟས་རིགས་ཐོན་སྐྱེད་ཀྱི་དུས་ཚོད་དང་སྤུས་ཚད་འགན་ལེན་གྱི་དུས་ཚོད་ཇི་ལྟར་དབྱེ་འབྱེད་བྱེད་དགོས་ཚུལ་དང་། ཟས་རིགས་གང་དག་མང་པོ་བཟའ་མི་རུང་བ། ཟས་རིགས་ཉོ་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-01 ལྷ་སའི་མཐོ་གསར་ཁུལ་གྱིས་སློབ་གྲྭར་ཟས་རིགས་བདེ་འཇགས་ཤེས་བྱ་འཆད་ཁྲིད་བྱས་པ། 6 6 拉萨日报藏文 c180347.html 1 ཚད་གཞི་ནན་པོར་བརྟེན་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་ འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། /enpproperty-->