(པར་ངོས་དང་པོར་མཐུད)རིག་དངོས་བདེ་འཇགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ཁོང་དུ་ཆུད་པར་བྱས་ཏེ་རིག་དངོས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མིག་སྔའི་གནས་ཚུལ་ལ་བལྟས་ན། ས་གནས་དང་ཚན་པ་ཁག་གཅིག་ལ་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཞན་པ་དང་། བདེ་འཇགས་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ། སྲུང་སྐྱོང་དོ་དམ་གྱི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ཡོད་པས། དེ་དག་གིས་རིག་དངོས་བདེ་འཇགས་ཀྱི་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཚབས་ཆེ་བའི་རང་བཞིན་ཡང་གསལ་བཤད་བྱས་ཡོད། གསུམ་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོང་དང་ལྷག་པར་དུ་རིག་དངོས་བདེ་འཇགས་ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲུང་སྐྱོང་ཨང་དང་པོར་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་རིག་དངོས་བདེ་འཇགས་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།
པ་སངས་དོན་གྲུབ་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དོགས་ཟོན་བྱེད་པའི་ལས་དོན་གྱི་རྣམ་པ་ཞིག་འཛུགས་དགོས་པ་དང་། མཉམ་འབྲེལ་འགོག་སྲུང་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་བཏང་ནས་རིག་དངོས་བདེ་འཇགས་འགོག་སྲུང་ལས་ཀའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དགོས་པ། ཆེད་དམིགས་ལས་དོན་གཏིང་ཟབ་སྤེལ་ནས་རིག་དངོས་སྣ་ཚོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ། བྱེད་པོ་གཙོ་བོའི་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཏན་ཏིག་སེལ་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སྤྱི་དམངས་ཀྱི་རིག་དངོས་སྲུང་སྐྱོང་འདུ་ཤེས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་ཁྱེར་རིག་དངོས་བདེ་འཇགས་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་དང་། རྫོང(ཆུས)ཁག་གི་རིག་དངོས་ལས་དོན་ཁག་བགོས་དོ་དམ་བྱེད་མཁན་རྫོང་དཔོན(ཆུས་ཀྲང)གཞོན་པ། རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་། གྲོང་ཁྱེར་ཁོངས་གཏོགས་རྟེན་རྫས་བཤམས་མཛོད་ཁང་དང་དེ་བཞིན་དགོན་པ་ཁག་གི་དོ་དམ་ཨུ་ལྷན་གྱི་རིག་དངོས་བདེ་འཇགས་ཁག་བགོས་དོ་དམ་བྱེད་མཁན་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社