ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པའི་ཁོངས་གཏོགས་ཁུལ་ཁག་གི་རུ་ཆེན་གྱིས་ཉིན་ཤས་རིང་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་ཚད་མང་བའི་དུས་མཚམས་དང་ལམ་དུམ་ལ་དོ་སྣང་བྱས་ནས་མཚན་མོར་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བར་ཞིབ་བཤེར་བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་ཡོད་པ་རེད།
བྱ་སྤྱོད་སྤེལ་རིང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཆང་བཅུད་ཚད་ལེན་ཡོ་བྱད་དང་ཁྲིམས་འཛིན་ཟིན་ཐོ་ཡོ་བྱད་སོགས་ཁྲིམས་འཛིན་སྒྲིག་ཆས་གང་ལེགས་སྤྱད་དེ་གཙོ་གནད་དུས་མཚམས་དང་ལམ་དུམ་དུ་ཆང་རག་བཏུངས་ནས་རླངས་འཁོར་གཏོང་བར་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་ཆང་བཏུངས་ནས་རླངས་འཁོར་གཏོང་བ་སོགས་གཙོ་གནད་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ཏེ་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པས་དོ་དམ་ནན་པོ་དང་མཐོ་གནོན་གྱི་རྣམ་པ་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་ཁ་ལོ་བ་དང་འགྲུལ་པ་ཚོར་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བའི་གནོད་འཚེའི་རང་བཞིན་གསལ་བཤད་ཞིབ་ཕྲ་བྱས་ནས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ།བདེ་འཇགས་དང་། ཤར་བགྲོད། འཆམ་མཐུན།གོ་རིམ་ལྡན་པ་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་པའི་དྲན་སྐུལ་བྱས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་བརྒྱུད་ཆང་རག་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ནུས་ལྡན་ཐུབ་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཤུགས་ཆེན་སེལ་ཐུབ་ནས་རང་གྲོང་གི་འགྲིམ་འགྲུལ་ནང་ཞུགས་མཁན་གྱི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社