分享按钮

དཔེ་ཀློག་ལས་ལ་གཞོལ།བྱང་ཚད་མཐོ་རུ་གཏོང་། རིག་གནས་རྒྱུན་འཛིན་བྱེད།

(པར་ངོས་གཉིས་པར་མཐུད)རིག་གནས་ལ་འབྲེལ་འདྲིས་དང་ཉམས་ལེན་ཐུབ་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གདན་དྲངས་ནས《གེ་སར་རྒྱལ་པོའི་སྒྲུང》གླུ་ལེན་བྱས་པ་རེད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་སྤྱི་ཚོགས་ལས་དོན་ཚོགས་ཆུང་གི་ཁོངས་མི་བཀྲ་ཤིས་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱི་འདི་ལོའི་སྤྱི་པའི་རིག་གནས་ཞབས་ཞུའི་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ང་ཚོས་བྱེད་སྒོ་དེ་རིགས་བརྒྱུད་གྲོང་མི་ཚོའི་རིག་གནས་ཀྱི་རང་རྟོགས་དང་མི་རིགས་རིག་གནས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་དུས་མཚུངས་དཔེ་ཀློག་ཁྱབ་གདལ་གཏོང་བའི་བྱ་ཐབས་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

གེ་སར་རྒྱལ་པོ་དང་མཇལ་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་བརྒྱུད་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གེ་སར་རྒྱལ་པོའི་གཏམ་རྒྱུད་དེ་དུས་ཚོད་དང་བར་སྟོང་ལས་བརྒལ་ནས་མི་དེ་བས་མང་བས་རྩ་ཆེའི་རིག་གནས་ཤུལ་བཞག་དེ་ཤེས་རྟོགས་དང་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

ཙི་ཙི་རོང་གྲོང་ཚོས་རིག་གནས་ཁང་དུ་དཔེ་དེབ་དང་ཚགས་པར་ལ་ལྟ་བའི་བྱེད་སྒོ་སྤེལ་བ།

ཟླ་4ཚེས་22ཉིན་ཙི་ཙི་རོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་བུད་མེད་མཚན་མོའི་སློབ་གྲྭ་4ཡི་སློབ་མ་དང་གྲོང་ཚོའི་ཨུ་ལྷན་གཉིས་སོགས་མི་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་འཛམ་གླིང་དཔེ་ཀློག་ཉིན་མོ་གོ་སྐབས་སུ་བྱས་ནས་རིག་གནས་ཁང་དུ་དཔེ་དེབ་དང་ཚགས་པར་ལ་ལྟ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཁྲོད་བུད་མེད་མཚན་མོའི་སློབ་གྲྭའི་སློབ་མའི་འཐུས་མི་4ཡིས་སློབ་སྦྱོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཤིང་། ཙི་ཙི་རོང་གྲོང་ཚོ་ནས་ཡོང་བའི་དཔེ་ཀློག་ལ་དགའ་པོ་བྱེད་མཁན་ཚོས་དཔེ་དེབ་ཡག་པོ་ཀློག་པ་དང་། དཔེ་དེབ་མང་ཙམ་ཀློག་པ་ལས་བྱུང་བའི་གྲུབ་འབྲས་མཉམ་སྤྱོད་བྱས་པར་མ་ཟད། ཚང་མས་གང་བསམ་ལྷུག་པོར་གླེང་ནས་དཔེ་དེབ་ཀློག་པའི་སྤྲོ་སྣང་གི་ཁྲོད་དུ་དབྱིངས་ལ་ཚུད་ཡོད།

ད་ཐེངས་ཀྱི་དཔེ་ཀློག་བྱེད་སྒོ་བརྒྱུད་གྲོང་ཚོར་དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་ཡག་པོ་ཀློག་པ།དཔེ་ཀློག་ལ་མཁས་པ་བཅས་ཀྱི་རིག་གནས་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 6 6 拉萨日报藏文 c180095.html 1 དཔེ་ཀློག་ལས་ལ་གཞོལ།བྱང་ཚད་མཐོ་རུ་གཏོང་། རིག་གནས་རྒྱུན་འཛིན་བྱེད། /enpproperty-->