ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པས་གྲོང་གསེབ་དར་རྒྱས་གཏོང་བ་དང་།ནག་ཆུ་མདུན་སྐྱོད་བྱེད་ཅེས་པའི་སྐབས་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གྱེར་འདོན་འགྲན་བསྡུར་གྱི་མཐའ་མཇུག་གི་འགྲན་བསྡུར་བྱས་པ་དང་།སློབ་གྲྭ་དེའི་མཐོ་འབྲིང་ལོ་རིམ་དང་པོ་དང་མཐོ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་10ཡི་གྱེར་འདོན་བརྩམས་ཆོས་མཐའ་མཇུག་གི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་མཐའ་བསྡུར་དེ་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ(15)ཡི་སློབ་མས་གྱེར་འདོན་བྱས་པའི《ཀྲུང་ཧྭའི་གཞོན་ནུ》ཞེས་པའི་ཁྲོད་འགོ་ཚུགས་པ་རེད། དེ་རྗེས་གསོན་ཤུགས་ཀྱིས་ཁེངས་ཤིང་སྙིང་སྟོབས་ཀྱིས་ཁེངས་པའི་སློབ་མ་ཚོས《རླབས་ཆེན་གྱི་མེས་རྒྱལ》《དཔའ་བོ》《གངས་ལྗོངས་བུ་ཕྲུག་གི་སེམས་སྒྲ》སོགས་ངོ་མཚར་ཆེ་བའི་གྱེར་འདོན་བྱས་པ་རེད། སློབ་མ་ཚོས་སྐད་མདངས་གསལ་བ་དང་། ཆུ་རྒྱུག་པ་ལྟར་གྱི་སྐད་ཆ། བབ་ཆགས་པའི་རྣམ་པ།ཕུན་སུམ་ཚོགས་པའི་བརྩེ་དུང་བཅས་ཀྱི་ཐོག་ནས་གྱེར་འདོན་གྱི་གསུང་རབ་བརྩམས་ཆོས་ཀྱི་གོ་བ་ལེན་སྟངས་གསལ་འགྲེལ་བྱས་པ་དང་། དེ་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་གསོན་ཉམས་ལྡན་པའི་རྣམ་པར་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པས་འདི་ལོའི་ཟླ་3པའི་ཟླ་སྨད་ནས་བཟུང་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་དང་། ཐོག་མའི་འགྲན་བསྡུར་ནང་ཁྱོན་དཔུང་ཁག་32ཞུགས་ཡོད་པ་དང་། གདམ་གསེས་བྱས་པ་བརྒྱུད།མཐར་དཔུང་ཁག་10རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་འབྲེལ་ཨང་དང་པོ་གསུམ་བདམས་ནས་ནག་ཆུ་གྲོང་ཁྱེར་གྱི་འགྲན་བསྡུར་ནང་ཞུགས་རྒྱུར་ཕུལ་བ་རེད། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པའི་སྒྱུ་རྩལ་སློབ་ཁྲིད་དང་ཞིབ་འཇུག་ཁང་གི་ཀྲུའུ་རེན་དབྱང་པོས་སླད་ཕྱིན་ང་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད།སློབ་མ་ཚོའི་ཀློག་འདོན་ནུས་པ་དང་མཚོན་བྱེད་ནུས་པར་སྔར་བས་སྦྱོང་བརྡར་སྤྲོད་པ་དང་།སློབ་མ་ཚོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་དཔེ་བཟང་ཞིག་ཏུ་བརྩོན་ལེན་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社