分享按钮

(པར་ངོས་དང་པོར་མཐུད)ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་དེ་འབྱོར་ཐོ་དང་སྐར་བསགས་གཉིས་མངོན་འགྱུར་བྱུང་བ།“ཏང་ཡོན་+”རྣམ་པའི་ཐོག་ནས་དྲིལ་བསྒྲགས་སྒྲོག་འགྲེལ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་གཙང་སྦྲ་ཆེན་མོ། ཤེས་དཔལ་འགྲིམ་འགྲུལ་ཁྲིད་སྟོན། འབྱུང་འཕྲོད་འཕེལ་རྒྱས། རྒན་རྒོན་དང་ཉམས་ཞན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། གཅེས་སེམས་དགེ་རྒན་རོགས་སྐྱོར།འདུན་པ་ཆུང་བ་ལེན་པ།སྡེ་ཁུལ་བྱེད་ནུས་ཁང་གི་དོ་དམ་པ་བཅས་དང་བླངས་ཞབས་ཞུ་ཆེན་པོ་བརྒྱད་བྱས་ཡོད། ཁོངས་གཏོགས་ཁུལ་གྱི་བཅའ་སྡོད་སྡེ་ཚན་གྱི་ལས་ཐོག་ཏང་ཡོན་143སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་རིམ་རྩིས་བྱས་ན་བྱེད་སྒོ་ཐེངས་31སྤེལ་བ་དང་། སྤྱིའི་སྐར་བསགས་གྲངས་4300ཟིན་ཡོད།

འཐབ་ས་མདུན་མར་བསམ་བློའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་པ། སྡེ་ཁུལ་གྱི་རྩ་འཛུགས་སྣ་ཚོགས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཡུལ་མི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་གཞི་རིམ་གྱི་སྒྲོག་འགྲེལ་པ་སོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་དྲ་མིག་དང་སྒོ་ར་ཆེན་པོར་ཁྱབ་པའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ་ཐེངས་20ལྷག་ཙམ་སྤེལ་བ་དང་།རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་ཇེ་ཆེར་གཏོང་རྒྱུ་དེ་སྡེ་ཁུལ་ཡོངས་ལ་རྒྱ་སྐྱེད་བཏང་ཡོད།མང་ཚོགས་ལ་སྔར་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ།བུད་མེད་ཀྱི་རྒན་རྒོན་སློབ་ཁང་གསར་གཏོད་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལོ་རྒྱུས་དང་གཏམ་རྒྱུད་ཟུང་འབྲེལ་ནུས་ལྡན་བྱས་པ།སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་དང་བོད་གསར་རྙིང་བསྡུར་བ་སོགས་ཀྱི་བྱེད་སྒོ་མཉམ་འདྲེས་བྱས་པ།ཆོས་ལུགས་ཀྱི་ཤུགས་རྐྱེན་ཆུང་དུ་བཏང་ནས་མོས་སེམས་ལྔ་ཟབ་ཏུ་བཏང་ཡོད།

འཐབ་ས་མདུན་མར་དྲ་མིག་ལེགས་གཏོང་རྒྱུན་འཁྱོངས་བྱས་པ། མི་འབོར་གྱི་གཞི་ཁྱོན་འོས་འཚམ་དང་། ཞབས་ཞུ་དང་དོ་དམ་སྟབས་བདེ་བ། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན། ནུས་པ་ལྟོས་བཅས་ཆ་ཚང་བཅས་ཀྱི་རྩ་དོན་གཞིར་བཟུང་དྲ་མིག་ཚན་པ་ལེགས་སྒྲིག་བྱས་ཏེ་གྲོང་ཁུལ་རྙིང་པའི་དྲ་མིག་རེར་ཁྱིམ་དུད་200ཡས་མས་ཁྱབ་པའི་ཚད་གཞིར་གཞིགས་ནས་དྲ་མིག་དབྱེ་འབྱེད་ཞིབ་ཚགས་བྱས་པ་དང་།དྲ་མིག་གི་གྲངས་འབོར་དེ་སྔའི་3ནས་7བར་མང་དུ་བཏང་ནས་ཆ་སྙོམས་དྲ་མིག་རེའི་ཞབས་ཞུའི་ཁྱིམ་དུད་350ནས་150བར་ཉུང་དུ་བཏང་ཡོད། ཕྱོགས་བསྡུས་དྲ་མིག་གིས“1+5+X”ཡི་རྣམ་པ་ལྟར་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་བྱས་པ། དྲ་མིག་ནང་གི་གྲོང་མིའི་སྒོ་ར་དང་ཐོག་ཁང་སྟར་པ་གཞིར་བྱས་ནས་དུད་ཚང་5ནས་15བར་གྱི་ཚད་གཞི་ལྟར་དུད་ཚང་མཉམ་འབྲེལ་ཚན་པ་96དབྱེ་ནས་དུད་ཚང་མཉམ་འབྲེལ་གྱི་འགོ་འཛིན་7འདེམས་བསྐོ་བྱས་ནས་བརྗེས་ཡོད། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་འགན་འཁྲི་གསལ་པོ་བཟོས་ནས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་དེ་དྲ་མིག་ཏུ་བསྡུ་སྒྲིལ་དང་དྲ་མིག་ཏུ་ཁྱབ་པར་བྱས་ཏེ་མཉམ་ལས་དང་།མཉམ་འགུལ། མཉམ་འགོག མཉམ་བཅོས་བཅས་ཀྱི་ལས་ཀའི་མཉམ་ཤུཊ་ཆཊ་པར་བྱས་ཡོད།

འཐབ་ས་མདུན་མར་སྡེ་ཁུལ་བཅོས་སྐྱོང་མཐའ་འཁྱོངས་བྱས་པ། གཞི་རིམ་བཅོས་སྐྱོང་གི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས་དུས་ཚིགས་རེར་ཐེངས་གཅིག་འཚོགས་པ་དང་།ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་། སྒྲིག་འཛུགས་མཉམ་སྐྲུན། ལས་ཀ་མཉམ་འགུལ། དཔུང་ཁག་མཉམ་སྒྲིལ། ཞབས་ཞུ་མཉམ་སྒྲུབ། འགན་སྲུང་མཉམ་སྤྱོད།འགན་འཁྲི་མཉམ་བཤེར་བཅས་ཀྱི་གཅིག་གྱུར་མཉམ་དྲུག་གི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། ཉེན་རྟོག་ལས་དོན་དང་སྲིད་དོན་ཞབས་ཞུའི་སྐར་ཁུང་བསྡུ་སྒྲིལ་བྱས་ནས་ཚན་ཁག་ཡོངས་སུ་སྤྱི་ཚོགས་ཀྱི་ལས་བཟོ་བ་5སྡོད་བྱར་བཀོད་སྒྲིག་བྱས་པ་དང་།སྟོབས་ཤུགས་གཞན་དག་ཚང་མ་དྲ་མིག་ཏུ་གཤམ་སྐྱོད་བྱས་ནས་སྡེ་ཁུལ་བཅོས་སྐྱོང་སྔར་བས་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་ཡོད།

འཐབ་ས་མདུན་མར་འགལ་བ་འདུམ་འགྲིག་རྒྱུན་འཁྱོངས་བྱས་པ། འགལ་བ་དང་རྩོད་གཞི་ཞིབ་བཤེར་འདུམ་འགྲིག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དང་ཚད་ལྡན་དུ་བཏང་བ་དང་། གནས་ཚུལ་སྙན་སེང་ཞུ་རྒྱུ་དང་། གྱོད་གཞི་དབྱེ་འབྱེད། བར་འདུམ་དང་ཕྱིར་འཚམས་འདྲི་བྱ་རྒྱུ་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་ལག་བསྟར་བྱས་པ། ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིཊ་Vལ་བརྟེན་ནས་ཁྱིམ་མཚེས་བར་འདུམ་ཁང་བཙུཊ་པ་དང་། དུས་གཅིག་ཏུ་སྐོར་སྐྱོད་བར་འདུམ་གྱི་སྟེཊ་བུ་བཏོད་པ།སྒོ་རའི་དོན་གྲོས་ཚོགས་འདུ་གསར་འཛུགས་བྱས་པ། དུས་ངེས་མེད་དུ་མི་སྣའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གྲོང་མིའི་སྒོ་རའི་ནང་ཟབ་འཇུག་བྱས་ཏེ་ཁྱིམ་མཚེས་དང་ཡུལ་མི་འགལ་བ་དང་རྩོད་གཞི་སེལ་བའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ།སྡེ་ཁུལ་གྱི་གྲོང་མིའི་སྤྱི་ཆིངས་ཁྱབ་བསྒྲགས་དང་ཤེས་དཔལ་ལྡན་པའི་ཁྱིམ་ཚང་དཔྱད་འདེམས་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱིས་རང་ཉིད་དོ་དམ་དང་རང་ཉིད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ། ཟླ་རེའི་ཚེས་16ཉིན་བཅར་འདྲི་བྱེད་མཁན་ལ་སྣེ་ལེན་ཞུ་བའི་ཉིན་མོའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ས་མདུན་མའི་ནང་དུ་བསྐྱོད་དེ་མང་ཚོགས་ཀྱི་དཀའ་ངལ་དང་།སེམས་ཁྲལ།འཕྲལ་མཁོ།རེ་སྒུག་བཅས་རྒྱུས་ལོན་བྱས་ཏེ་མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་དང་ལོ་རྒྱུས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

འཐབ་ས་མདུན་མར་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རྒྱུན་འཁྱོངས་བྱས་པ། ཁྲོམ་གཞུང་ཁྲིམས་འཛིན་ཆེད་བསྐོས་ལས་བྱེད་པ་དང་སྤྱི་ཚོགས་ལས་བཟོ་གཙོ་བོར་བྱེད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དཔུང་ཁག་བཙུཊ་པ་དང་། ཏང་ཡོན་དང་། རྒན་ཡོལ་ཞུས་པའི་ལས་བྱེད་པ། དགེ་རྒན་བགྲེས་པ་བཅས་འགན་སྲུང་བྱེད་པའི་དང་བླངས་པའི་དཔུང་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་Vའདེགས་སྐྱོར་དུ་བྱས་ཏེ་ཁྲིམས་སྐྱོང་འཆད་ཁྲིད་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ཁྲིམས་སྐྱོང་བློ་འདྲིའི་ས་ཚིགས་འཛུགས་པ་སོཊ་ཀྱི་རྣམ་པའི་ཐོག་ནས་རྩ་ཁྲིམས་དང་། ཉེས་ཁྲིམས། དམངས་དོན་ཁྲིམས་གཞུང་སོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། བུད་མེད་དང་།བྱིས་པ། ཚོང་པ། དགོན་པའི་གྲྭ་བཙུན་སོགས་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་རྩིས་ཐོ་བཟོས་པ་དང་། ཚལ་ཐོའི་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་བཏང་བ།གཅིག་གཏད་གཅིག་གི་རྣམ་པའི་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་གནད་ལ་འཁེལ་བ་བཅས་བྱས་ནས་གྲོང་མི་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་སྟངས་བཅས་ཀྱི་ཐད་ཁྲིད་སྟོན་བྱས་ཡོད།

འཐབ་ས་མདུན་མར་དམངས་ཕན་ཞབས་ཞུ་རྒྱུན་འཁྱོངས་བྱས་པ། ཏང་ཡོན་གྱི་དུད་ཚང་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་མང་ཚོགས་ལ་འཚོ་བའི་དཀའ་གནད་ཐག་གཅོད་བྱེད་རོགས་དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་ལ་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་དོ་དམ་ལག་བསྟར་བྱེད་པ། རྒྱུན་ལྡན་རང་བཞིན་གྱི་སྒོ་ནས་དབུལ་ཕོངས་ལ་འཚམས་འདྲི་དང་།དཀའ་ངལ་འདྲི་བ། དྲོ་སྐྱིད་སྐྱེལ་བའི་བྱེད་སྒོ་སྤེལ་བ། མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་ལ་བརྟེན་ནས་སློབ་སྐྱོར་དང་དཀའ་ངལ་སེལ་རོཊ་བྱེད་པའི་ལམ་ལུགས་བཙུགས་པ། སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའི་དངུལ་སྤྲད་པ། ཚེ་འདས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྗེས་མཇུག་ཐད་རོགས་རམ་བྱས་པ་སོགས་ཡིན། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སྒྱུར་བཀོད་རིམ་སྤོར་བྱས་ནས་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་Vལ་སྤྱི་ཚོགས་ལས་དོན་ཀུན་ཤེས་པའི་སྡོད་བྱ་བ་མི་གཅིག་བཀོད་སྒྲིག་བྱས་ཏེ་མང་ཚོགས་ལས་དོན་བསྒྲུབ་པར་ཡོང་སྐབས་ས་ཚིགས་དེ་ནས་ཚང་མ་གཉེར་ཐུབ་པ་དང་འབྲེལ།མང་ཚོགས་ལ་གནས་སྐབས་ངལ་གསོ་དང་།དཔེ་ཀློག བྱིས་པར་ལྟ་སྐྱོང་། ཡི་གེ་པར་འདེབས། གློག་གསོག་པ་དང་འཐུང་ཆུ་སོཊ་གཞི་རྩའི་ཞབས་ཞུ་རིན་མེད་ངང་སྒྲུབ་ཀྱི་ཡོད།

འཐབ་ས་མདུན་མར་མི་རིགས་མཐུན་སྒྲིལ་རྒྱུན་འཁྱོངས་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་འཛུགས་པའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་པའི་ལས་དོན་དེ་ཏང་རྩ་འཛུགས་ཀྱི་འཚོ་བ་དང་ཏང་ཡོན་གྱི་སློབ་སྦྱོང་ནང་དོན་གལ་ཆེན་ནང་འཇུག་པ་དང་། ཏང་གི་མི་རིཊ་ལས་དོན་གྱི་བྱེད་ཕྱོཊ་དང་སྲིད་ཇུས་ཁག་རྒྱུན་རྣམ་ཅན་དུ་དྲིལ་བསྒྲགས་བྱས་ཏེ་མི་རིཊ་ཁག་གི་མང་ཚོཊ་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་འབྲལ་ཐབས་མེད་པ་གསུམ་གྱི་བསམ་བློ་བརྟན་པོར་བཙུགས་པ། མི་རིགས་མཐུན་སྒྲིལ་གྱི་ཟླ་བ་དང་། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོཊ་དུས་ཆེན་གྱི་མཚམས་སུ་མི་རིཊ་མཐུན་སྒྲིལ་ཁྱིམ་ཚང་གདན་དྲངས་ནས་དུས་ཆེན་དགའ་གཏོང་དང་ཁྱིམ་ཚང་གི་དུས་རྒྱུན་གནས་ཚུལ་མཉམ་དུ་གླེང་མོལ་བྱས་ཏེ་བཞུཊ་མོལ་སྤེལ་རེས་དང་། རིག་རྩལ་མཉམ་འཁྲབ། སྤྲོ་སྣང་བྱེད་སྒོ་སོགས་ཀྱི་རྣམ་པའི་ཐོག་ནས་མི་རིཊ་ཁག་གི་མང་ཚོཊ་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

འཐབ་ས་མདུན་མར་ཁོར་ཡུག་བཅོས་སྒྲིག་མཐའ་འཁྱོངས་བྱས་པ། གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོ་སྤེལ་བའི་གོ་སྐབས་དང་བསྟུན་པ་དང་།དང་བླངས་ཞབས་ཞུའི་གཞི་རྟེན་ཆེན་པོ་བརྒྱད་ལ་བརྟེན་ནས་ལམ་ཧམ་བཟུང་གིས་ཚོང་གཉེར་བྱེད་མཁན་ལ་གཙང་བཤེར་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ་གྲོང་མི་མང་ཚོགས་ལ་མེ་ཏོག་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག་དུད་དཔོན་དང་བླངས་པ་བཀོད་སྒྲིག་གིས་གསོ་སྐྱོང་དང་། དོ་དམ། སློབ་གསོ་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཡོད། སྡེ་ཁུལ་དུ་གྲོང་མིའི་སྒོ་ར་ཆེན་པོ་རྙིང་པ་མང་བ་དང་། སྲང་ལམ་མང་བ། ཁོར་ཡུག་འཕྲོད་བསྟེན་གྱི་སྟོབས་ཤུགས་མི་འདང་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་སྲང་ལམ་གཅིག་དང་སྒོ་ར་གཅིག་དོ་དམ་གཅིག་གི་ལམ་སྲོལ་གསར་གཏོད་བྱས་ཏེ་ཁྲོམ་ལམ་རྒྱབ་ཀྱི་སྲང་ལམ་9དང་། གྲོང་མིའི་སྒོ་ར་ཆེན་པོ་41ལ་འཕྲོད་བསྟེན་དོ་དམ་པ་གཅིག་བཀོད་སྒྲིག་དང་།སྐོར་སྐྱོད་དར་དམར་དཔྱད་བསྡུར་དོ་དམ་ལམ་ལུགས་ཁྱབ་གདལ་བཏང་བ།དོ་དམ་པ་ཡག་ཤོས་དཔྱད་འདེམས་བཅས་བྱས་ཏེ་མང་ཚོགས་རང་རྟོགས་ངང་ཞུགས་ནས་རྒྱུན་གཏན་ཅན་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་བཏང་ཡོད། (གྲོང་ཨུད་སྒྱུར་བཅོས་གཞུང་དོན་ཁང་ནས)(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 6 6 拉萨日报藏文 c180090.html 1 /enpproperty-->