分享按钮

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཡི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་ལྷ་སའི་འབྱུང་ཁམས་ཡུལ་སྐོར་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

དགྲ་འདུལ་གྱིས་གསུང་བཤད་གནང་བ་དང་།ཧྲི་ཡུས་ཧུའེ་དང་ཝང་ཧུའེ་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་4ཚེས་24ཉིན་ཡུལ་ཤུལ་ཀྲོའུ་ཨུ་ལྷན་དང་ཡུལ་ཤུལ་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་ལྷ་སའི་འབྱུང་ཁམས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་གྱི་ཀྲོའུ་ཅི་ཐང་ཆེན་དུ་འཚོགས་པ་དང་ཡུལ་ཤུལ་ཀྲོའུ་ནས་ཡོང་བའི་ཁེ་ལས་40ཡི་སྤུས་ལེགས་ཞིང་འབྲོག་ཐོན་རྫས་རིགས་100ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་ཚོཊ་འདུར་ཞུཊ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཡུས་ཧུའེ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ། གྲོང་གསེབ་འཚོ་སྡོད་དང་ལས་ཀར་འཚམ་པ། ཞིང་པ་ཕྱུག་པོར་འགྱུར་བ་བཅས་ལ་གཞི་ཚུགས་ནས་གྲོང་གསེབ་ཀྱི་ཐོན་ལས་རིམ་སྤོར་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་གསར་སྤེལ་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་གཏོད་རྒྱུའི་འཐབ་ཇུས་དམིགས་ཚད་ལ་གཞི་ཚུགས་ནས་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གྲོང་ཁྱེར་ཐོག་མ་གཏོད་རྒྱུའི་ལས་དོན་ཧུར་ཐག་སྤེལ་ནས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཡུལ་ཤུལ་དང་ལྷ་ས་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་དེ་གཉིས་དབར་བར་ཐག་ལེ་དབར་སྟོང་གི་ཆོད་ཀྱང་རི་ཆུ་འབྲེལ་ཡོད་ལ།ས་གནས་གཉིས་ཀྱི་མི་དམངས་ཀྱི་འབྱུང་རྩ་གཅིག་པ་དང་མཛའ་གྲོགས་ཟབ་མོ་ཡོད་པས།ལྷ་ས་གྲོང་ཁྱེར་གྱིས་ཡུལ་ཤུལ་ཀྲོའུ་དང་འགྲོ་འོང་སྤེལ་རེས་གཏིང་ཟབ་བྱས་ནས་མཉམ་ལས་མཉམ་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་དུས་ཡུན་ཉིན་གསུམ་ཡིན་པ་དང་།དེའི་དམིགས་ཡུལ་ནི་སྔར་བས་སྒོ་དབྱེ་དང་ཡིད་ཆེས་ཀྱི་རྣམ་འགྱུར་ཐོག་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་དེ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 དགྲ་འདུལ་གྱིས་གསུང་བཤད་གནང་བ་དང་།ཧྲི་ཡུས་ཧུའེ་དང་ཝང་ཧུའེ་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c180088.html 1 མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཡི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་ལྷ་སའི་འབྱུང་ཁམས་ཡུལ་སྐོར་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ། /enpproperty-->