ཉིན་ཤས་རིང་།རང་གྲོང་གི་ས་གནས་ཁག་གིས་འཛམ་གླིང་དཔེ་ཀློག་ཉིན་མོའི་གཙོ་དོན་བྱེད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་དཔེ་ཀློག་གི་རྣམ་པ་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་འདྲེས་ཐུབ་པར་བྱས་ཡོད།
ལྷ་སའི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམངས་ཀྱི་ཆེད་དུ་མེ་ཟོན་བྱས་རྗེས་འཇོག གྲུ་གཡོར་བཏེགས་ནས་རྒྱང་ལམ་གསར་པར་སྐྱོད་ཅེས་པའི་གཙོ་དོན་གྱེར་འདོན་འགྲན་བསྡུར་གཉེར་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་སྒྲིག་ཁྲིམས་རྩ་གནད་སློབ་སྦྱོང་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཟླ་4ཚེས་23ཉིན། འཛམ་གླིང་དཔེ་དེབ་ཉིན་མོ་ཐེངས་29པའི་སྐབས་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམངས་ཀྱི་ཆེད་དུ་མེ་ཟོན་བྱས་རྗེས་འཇོག གྲུ་གཡོར་བཏེཊ་ནས་རྒྱང་ལམ་གསར་པར་སྐྱོད་ཅེས་པའི་གཙོ་དོན་གྱེར་འདོན་འགྲན་བསྡུར་ཆེན་མོ་གཉེར་བ་རེད།
འགྲན་བསྡུར་འདི་ཉིད་གཞི་རིམ་གྱི་རུ་ཆེན་ཁག(ས་ཚིགས)གི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོགས་ཆུང་17གྱིས་བརྩེ་དུང་གི་ཉམས་འགྱུར་ཐོག་ནས་འཁྲབ་སྟོན་དང་། དོན་སྙིང་ཟབ་པའི་ཚིག་དོན་གྱི་ཐོག་ནས་བསམ་པ་མཚོན་པ། བསམ་པའི་ཉམས་འགྱུར་དང་ཡིད་དབང་འཕྲོག་པའི་སྐད་ཆར་བརྟེན་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པ་རེ་རེ་དང་། མི་སེམས་འགུལ་བའི་རྣམ་པ་རེ་རེ། འབད་བརྩོན་ཡར་ཐོན་གྱི་རྣམ་པ་རེ་རེ་བཅས་ལས་མེ་ཟོན་བཀོད་འཐབ་པས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པ། སྲོག་ཉེན་ལ་མི་འཛེམ་པ། ལྷག་བསམ་རྣམ་དག་ངང་དམངས་ལ་ཞབས་འདེགས་ཞུ་བ། བླ་ན་མེད་པའི་བརྩེ་བ་བཅས་ཀྱི་ཐོག་ནས་མེ་ཟོན་རོགས་སྐྱོབ་མི་སྣའི་སེམས་གཏིང་གི་ཕུགས་འདུན་དང་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་པའི་སྤྲོ་སེམས་དང་དེ་བཞིན་ཏང་ལ་བཅངས་པའི་དགའ་ཞེན་ཚད་མེད་དང་མེ་ཟོན་རོགས་སྐྱོབ་བྱ་གཞག་ལ་བརྩོན་ལེན་ཧུར་ཐག་བྱས་པ་ལས་དུས་རབས་གསར་པའི་ལྷ་སའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་སྙིང་སྟོབས་ཀྱི་ཉམས་འགྱུར་མཚོན་པར་བྱས་ཡོད།
ཛ་དྲག་ངང་འགྲན་བསྡུར་བྱས་པ་བརྒྱུད་དམིཊ་བསལ་ཞབས་ཞུ་རུ་ཆེན་གྱི་ས་ཚིགས་དང་པོར་བྱ་དགའ་ཨང་དང་པོ་ཐོབ་ཡོད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་དུས་རབས་གསར་པར་གཞི་ཚུཊ་པ་དང་།དམིཊ་ཚད་གསར་པར་དམིཊ་པ། བླང་བྱ་གསར་པར་དམ་འཛིན་བྱེད་པ།བྱས་རྗེས་གསར་པ་བརྩོན་ལེན་བྱེད་པ་བཅས་བྱས་ནས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པའི་ཉམས་འགྱུར་དང་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་རང་འཁྲིའི་ལས་གནས་ཐོག་བྱང་ཚད་མཐོ་རུ་གཏོང་བ་དང་ལག་ལེན་དངོས་ཀྱི་ཁྲོད་འཇོན་ཐང་ཆེ་རུ་གཏོང་བ་དང་ལྷ་སའི་མེ་ཟོན་རོགས་སྐྱོབ་བྱ་གཞག་གི་བརྗིད་ཉམས་ལྡན་པའི་ལེའུ་གསར་པ་བརྩམས་ནས་ཏང་དང་མི་དམངས་ལ་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོང་ཁྱེར་སློབ་གསོ་ཅུས་གཞོན་ནུ་ལོ་ཆུང་ལག་ལེན་རྟེན་གཞིས་སློབ་མ་སྒྲིག་འཛུགས་བྱས་ནས་ང་ཚོའི་གཏམ་རྒྱུད་ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
ཚེས་23ཉིན།འཛམ་གླིང་དཔེ་ཀློག་ཉིན་མོར་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་གཞོན་ནུ་ལོ་ཆུང་ལག་ལེན་རྟེན་གཞིས་འདམ་གཞུང་རྫོང་གི་དགེ་སློབ་ཀྱི་འཐུས་མི་170སྒྲིག་འཛུཊ་བྱས་ནས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ང་ཚོའི་གཏམ་རྒྱུད་ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོའི་ཁྲོད།བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལས་དོན་མི་སྣའི་སྣེ་ཁྲིད་འོག་སློབ་མ་ཚོས་དཔེ་མཛོད་ཁང་གི་ལྟ་ཀློག་ཁང་དྲུག་ལ་ལྟ་སྐོར་བྱས་པ་དང་ལྟ་སྐོར་མཇུག་འགྲིལ་རྗེས་སློབ་མ་ཚོས་བྱིས་པའི་ལྟ་ཀློག་ཁང་དུ་རང་ཉིད་ཀྱི་དགའ་བའི་དཔེ་དེབ་བདམས་ནས་ཤེས་བྱའི་རྒྱ་མཚོའི་ནང་ཞུགས་པ་རེད།དེ་རྗེས་དཔེ་མཛོད་ཁང་གི་ཐོག་སོ་གསུམ་པའི་སྙན་ཞུའི་ཚོམས་ཆེན་དུ་ཁ་བཏགས་དཀར་པོ་རོལ་ཆ་རུ་ཁག་གི་གཞས་པ་ཚེ་རིང་ཆོས་སྒྲོན་གྱིས་སློབ་མ་ཚོར་ཁོང་གི་མི་ཚེའི་བརྒྱུད་རིམ་དང་སྐུལ་ལྕག་ཐེབས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་ཁོང་གིས་ཤེས་བྱའི་འདུན་པ་དང་འཚོལ་སྙེག་བྱེད་པའི་མི་ཚེའི་ཕུགས་བསམ་ལས་སློབ་མ་ཚོར་སེམས་འགུལ་ཚད་མེད་ཐེབས་ཡོད། མཇུག་ཏུ་དགེ་སློབ་ཀྱི་འཐུས་མིས་ཁ་བཏགས་དཀར་པོ་རོལ་ཆ་རུ་ཁག་དང་སྤེལ་རེས་དང་མཉམ་འགུལ་བྱས་ནས་བྱེད་སྒོའི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་འབྲེལ་དྲན་རྟེན་མཉམ་པར་ཡང་བརྒྱབ་པ་རེད།
ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གེ་སར་རྒྱལ་པོ་དང་མཇལ་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བ།
ཟླ་4ཚེས་23ཉིན།འཛམ་གླིང་དཔེ་ཀློག་ཉིན་མོར་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གཉེར་བའི་གེ་སར་རྒྱལ་པོ་དང་མཇལ་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་སྤེལ་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་རིག་གནས་ཅུས་ཀྱིས་སྣེ་ཁྲིད་བྱས་པ་ཞིག་ཡིན་པ་དང་།དེའི་དམིགས་ཡུལ་ནི་དཔེ་ཀློག་གི་སྒྲ་དབྱངས་ཕྱོགས་བཅུར་ཁྱབ་པའི་ལྷ་ས་ཞེས་པའི་བྱེད་སྒོ་དེ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།
《གེ་སར་རྒྱལ་པོའི་སྒྲུང》ནི་བོད་རིགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ཡིན་ཞིང་། ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག་ཞེས་པའི་མཚན་སྙན་ལྡན་ཡོད། ལོ་རྒྱུས་སྙན་ངག་དེ་ངག་རྒྱུན་བརྒྱུད་ནས་དར་ཁྱབ་བྱུང་ཞིང་། གནའ་རབས་བོད་རིགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་།འཚོ་བ། སྤྱི་ཚོགས་ཀྱི་གྲུབ་ཆ། བསམ་པའི་ཉམས་འགྱུར་བཅས་གསོན་ཉམས་ལྡན་པའི་སྒོ་ནས་ཟིན་ཐོར་བཀོད་ཡོད། ད་ཐེངས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་ཐོག་ནས་རྒྱ་ཆེའི་གྲོང་མི་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社