ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གི་མངགས་བཅོལ་ལྟར། ཟླ་4ཚེས་24ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་དེབ་འཛིན་གྲྭའི་གཅིག་སྡུད་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་གྲོང་ཁྱེར་ཏང་ཨུད་ཀྱི་གལ་ཆེའི་གསུང་བཤད་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲཊ་བྱས་པ་དང་འབྲེལ་སྤེལ་རེས་བགྲོ་གླེང་ཡང་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སློབ་སྦྱོང་བྱས་ནས་སྒྲིག་ཁྲིམས་ཤེས་པ་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་གསལ་པོ་ཤེས་པར་བྱས་ཏེ་མུ་མཐུད་བསམ་བློའི་ནང་ངེས་རྒྱུར་འབད་བརྩོན་བྱས་ཏེ་རང་སྦྱོང་དང་གཅིག་བསྡུད་སློབ་སྦྱོང་།གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རམ་འདེགས་བྱེད་པའི་རྣམ་པ་སོགས་ཀྱི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བསམ་བློའི་ནང་དུ་ངེས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་སྒྲིག་ཁྲིམས་སྲུང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱའི་ཐད་མུ་མཐུད་འབད་བརྩོན་བྱེད་པ།གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།གཅིག་གྱུར་འཆར་འགོད་དང་ལྟ་རྟོག་བྱེད་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རང་གྲོང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟླ་བ་དང་འཕྲིན་ལས་དར་རྒྱས། དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社