ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་24ཉིན། འགོ་ཁྲིད་གཙོ་བོས་དམངས་ཀྱི་སྐད་ཆ་ཉན་པའི་2024ལོའི་དུས་ཐེངས་གཉིས་པའི་བྱེད་སྒོ་དུས་བཀག་ལྟར་སྤེལ་ཞིང་། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་འགོ་ཁྲིད་གཙོ་བོས་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཉན་ནས་མང་ཚོགས་ཀྱི་བློ་འདྲི་དང་། ཞུ་གཏུག གྲོས་འགོ་བཅས་བདག་སྤྲོད་བྱས་ཏེ་མང་ཚོགས་ཀྱི་རེ་ཞུར་ལན་བཏབ་པ་རེད།
སྐུ་ཁམས་བཟང་། ཁྱེད་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ང་ཚོ་ལས་ཁུངས་ལ་ལོག་རྗེས་སླར་ཡང་དབྱེ་ཞིབ་བྱ་རྒྱུ་ཡིན། གལ་སྲིད་དེ་ལྟར་འགྲིག་གི་ཡོད་ན། སླར་ཡང་གྲོང་མིའི་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན། གང་ལགས་ཤེ་ན། སྤྱི་གླིང་དེ་ཐོག་མར་འཆར་འགོད་བྱེད་སྐབས་མཐའ་འཁོར་གྱི་གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་རྗེས་གཏན་འཁེལ་བྱས་པ་ཞིག་རེད། འདི་འདྲ་བྱས་ན་འགྲིག་གམ་ཞེས་ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པས་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། ལྷ་ས་གྲོང་ཁྱེར་ས་ཁང་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བའི་སྣེ་ཁྲིད་དེ་གྲོང་ཁྱེར་12345ཐད་སྦྲེལ་ཁ་པར་ལྟེ་གནས་སུ་ཕེབས་ནས་ཁེ་ལས་དང་མང་ཚོགས་ཀྱིས་བརྒྱབ་ཡོང་བའི་ཁ་པར་ལ་ཉན་པ་དང་། མང་ཚོགས་ཀྱི་རེ་ཞུར་ནན་ཏན་གྱིས་ཉན་པ། བསམ་འཆར་དང་གྲོས་འགོ་ཞིབ་ཕྲ་ཟིན་ཐོར་བཀོད་པ། ངང་རྒྱུད་རིང་པོས་མང་ཚོགས་ཀྱིས་བློ་འདྲི་དང་དོགས་གནད་དྲིས་པར་ལན་བཏབ་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། ཉིན་དེར་མང་ཚོགས་96གིས་བརྒྱབ་པའི་ཁ་པར་འབྱོར་ནས་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་དུས་བཀག་ལས་ཡོལ་ནས་ཁང་པ་རྩིས་སྤྲོད་པ་དང་།ཚོང་སྒྱུར་ཁང་པའི་གན་རྒྱའི་རིགས་ཀྱི་རྩོད་གཞི། དུས་ཐོག་ཏུ་འགྱུར་མེད་བདག་དབང་ལག་ཁྱེར་མ་གཉེར་བ། ཁང་པ་ནར་འགྱངས་བྱས་པའི་གན་རྒྱ་ལས་འགལ་བའི་དངུལ་ཆད་སྐྱིན་ཚབ་མ་སྤྲད་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དོ་དམ། སྤྱི་གསོག་མ་དངུལ་དོ་དམ། སྡེ་ལས་ཞབས་ཞུ་སོགས་དང་འབྲེལ་བ་ཡོད་པའི་རེ་ཞུར་བདག་སྤྲོད་བྱས་པ་རེད། ཁྱོན་ཐད་སྦྲེལ་ཁ་པར་ཐོག་ནས་གྱོད་དོན་1བསྒྲུབས་པ་དང་གྱོད་གཞི་95བསྒྲུབ་རྒྱུར་སྤྲད་པར་མ་ཟད། སྔར་བས་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཡུལ་དངོས་སུ་བསྡོམས་རྩིས་དང་གསེད་བཀྲོལ་བྱས་ནས་འབྲེལ་ཡོད་ཁོའོ་ཡིས་དུས་ཐོག་ཏུ་སྒྲུབ་གཉེར་དང་ལན་སློག་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། མཇུག་འགྲིལ་རྗེས་ཡུལ་དངོས་སུ་མང་ཚོཊ་ཀྱི་རེ་ཞུ་སྒྲུབ་པའི་མཐུན་སྦྱོར་ཚོཊ་འདུ་འཚོཊ་པ་རེད།
འགོ་ཁྲིད་གཙོ་བོས་མང་ཚོགས་ཀྱི་སྐད་ཆ་ཉན་པའི་བྱེད་སྒོས་འགོ་ཁྲིད་ལས་བྱེད་པ་དང་མང་ཚོགས་དབར་སྤེལ་རེས་དང་མཉམ་འགུལ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་བར་ལས་སྟེགས་དང་གཞི་རྟེན་མཁོ་འདོན་བྱས་པས་དམངས་ཀྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཐད་ཀར་ཤར་གཏོང་ཐུབ་པ་བཅས་བྱས་ཡོད།
བྱེད་སྒོ་སྤེལ་ཚུན་རེ་ཞུ་སྒྲུབ་ཚད་དངབློ་ཡིད་ཚིམ་ཚད་95ཡན་ཟིན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཅུང་ལེགས་པོ་ཐོན་ཡོད། རྗེས་མར་ང་ཚོས་མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་འཚབ་བྱེད་པར་སྔར་བས་དོ་སྣང་བྱས་ནས་གཞི་རིམ་དུ་བསྐྱོད་པ་བཞིའི་ལས་ཀའི་ལམ་ལུགས་ལག་ལེན་བསྟར་ནས་དམངས་ཀྱི་སྐད་ཆ་ཉན་རྒྱུ་དང་། དམངས་ཀྱི་སེམས་ཁྲལ་སེལ་རྒྱུ། དམངས་ཀྱི་བློ་གྲོས་བསྡུ་རྒྱུ་བཅས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་དམངས་ལ་རེ་འབོད་ཡོད་ན་སྲིད་གཞུང་གིས་ལན་འདེབས་ཐག་གཅོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་བདེ་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིང་དབྱིས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社