(པར་ངོས་དང་པོར་མཐུད)ལ་ཏིང་མེ་གླིང་གི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མཐོང་དུས་ང་དགའ་པོ་བྱུང་། ཕྱོགས་གཉིས་པོས་རྒྱང་ཚོར་སྲུང་སྐར་དང་། འཕྲིན་གཏོང་སྲུང་སྐར་། བར་སྣང་ཁམས་ཀྱི་ས་ཚིགས་དྲ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ནས་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་དང་། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་སྐབས་དང་པོ་འགོ་འཛུགས་སར་བརྩིས་ཐོག་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་འཇིག་རྟེན་འཕུར་སྐྱོད་ལག་རྩལ་གྱིས་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
སྐབས་དང་པོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་ཉིན་དེར་ཧུའུ་པེ་ཝུའུ་ཧན་དུ་འགོ་ཚུགས་པ་དང་ཀྲུང་གོའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社