分享按钮

2024ལོའི་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་ མཉམ་འབྲེལ་ཚོགས་འདུ་འཚོགས་པ།

ཁྲེན་ཅིང་ཚོགས་འདུར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་23ཉིན།2024ལོའི་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཚོགས་འདུར་ཞུགས་པ་རེད།

གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་པ་སངས་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག《2024ལོའི་རྒྱལ་ཡོངས་རིག་དངོས་ཅུས་ཀྲང་གི་ཚོགས་འདུའི་དགོངས་དོན》དང《2024ལོའི་ལྗོངས་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་ཚོགས་འདུའི་དགོངས་དོན》《རྫོང(ཆུས)ཁག་གི་གནའ་བོའི་དུར་ས་དང་མཆོད་རྟེན་སོགས་ཕྱི་རོལ་གྱི་རིག་དངོས་སྲུང་སྐྱོང་ཚན་པ་དང་དེ་བཞིན་སྤོ་མི་རུང་བའི་རིག་དངོས་བདེ་འཇགས་ཀྱི་སྐོར་ཞིབ་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་བརྡ་ཐོ》ཡིག་ཐོག་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་རིག་གནས(རིག་དངོས)ཅུས་ཀྱིས་2023ལོའི་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ། གྲོང་ཁྱེར་རིག་དངོས་ཅུས་ཀྱིས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་དང་དགའ་ལྡན་དགོན་དོ་དམ་ཨུ་ལྷན་བཅས་དང་མཉམ་དུ《2024ལོའི་ལྷ་ས་གྲོང་ཁྱེར་རིག་དངོས་བདེ་འཇགས་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པའི་ཚབ་ཞུས་ནས་གཏམ་བཤད་སྤེལ་རེས་བྱས་པ་དང་། རྫོང(ཆུས)གི་འཐུས་ཚབ་འདམ་གཞུང་རྫོང་དང་སྟག་རྩེ་ཆུས་ཀྱིས་གཏམ་བཤད་སྤེལ་བ་རེད།

ཁྲེན་ཅིང་གིས་དང་པོ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོརདོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་བཅས་ཀྱི་རྩ་དོན་དང་བླང་བྱ་མཐའ་འཁྱོངས་བྱས་ཏེ་མཚམས་ཐིག་གི་འདུ་ཤེས་བརྟན་པོར་བཙུགས་ནས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 ཁྲེན་ཅིང་ཚོགས་འདུར་ཕེབས་པ། 6 6 拉萨日报藏文 c180082.html 1 2024ལོའི་གྲོང་ཁྱེར་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་ མཉམ་འབྲེལ་ཚོགས་འདུ་འཚོགས་པ། /enpproperty-->