ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ཁྲུང་ཆིང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལ་ཚད་འཛིན་བྱས་ནས་བསྡུར་བའི་ལེགས་ཆ་དང་རྗེས་ཐོན་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཀྱི་ལྟེ་གནས་གལ་ཆེན་དང་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེ་ཕྱོགས་བསྡུས་ལྟེ་གནས་ཧུར་ཐག་གཏོད་པ།ནུས་པ་གསུམ་འདོན་སྤེལ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་པ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིང་གི་ལེའུ་རྒྱུན་ཆད་མེད་པར་རྩོམ་དགོས་པའི་ནན་གསུངས་གནང་བ་རེད།
ཟླ་4ཚེས་22ནས་ཚེས་24ཉིན་བར།ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡོན་ཅ་ཅུན་དང་གྲོང་སྤྱི་ཧུའུ་ཧེང་ཧྭ་ཡི་ཕེབས་རོགས་འོག་ཟོག་འགྲེམས་གླིང་ཁུལ་དང་།གྲོང་ཁྱེར་གྱི་སྡེ་ཁུལ།གྲངས་འཛིན་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།
ཚེས་22ཉིན་གྱི་ཕྱི་དྲོར།ཞི་ཅིན་ཕིང་གིས་དང་ཐོག་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་ཁུལ་ལ་རྟོག་ཞིབ་གནང་བ་རེད།ཁོང་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་ཁྲུང་ཆིང་ཆུ་མེད་གྲུ་ཁ་གཉེར་སྐྱོང་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱས་ཚུལ་གྱི་སྙན་ཞུ་གསན་གནང་བ་རེད།ཞི་ཅིན་ཕིང་གིས་ཟོག་འགྲེམས་ནི་དངོས་ཚན་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཞིག་རེད།ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རམ་བྱེད་པའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ་ནུབ་རྒྱུད་དང་སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་ཁྲིད་བྱེད་དགོས།ཟོག་འགྲེམས་གླིང་ཁུལ་གྱིས་སྔོན་ཐོན་ལག་རྩལ་བེད་སྤྱོད་ཧུར་ཐག་བྱས་ནས་མུ་འབྲེལ་སྐྱེལ་འདྲེན་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་།ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་དེང་རབས་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
དེ་རྗེས་ཞི་ཅིན་ཕིང་ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཕེབས་ནས་དངོས་ཟོག་བསྡུ་འགྲེམས་དང་།སྐྱེལ་འདྲེན་ལམ་བུ།གཉེར་སྐྱོང་གི་མ་གནས་དང་ཕན་འབྲས་སོགས་ཀྱི་ངོ་སྤྲོད་གསན་པ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་།མེ་འཁོར་གྱི་ཁ་ལོ་བ་།འདོན་འཇུག་བཟོ་པ།ས་ཚིགས་དོ་དམ་མི་སྣ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ཁོང་ཚོའི་ལས་ཀའི་དཀའ་ངལ་དང་།ངལ་རྩོལ་སྲུང་སྐྱོང་།དུས་ཆེན་དང་གུང་གསེང་གི་ངལ་གསོ་དང་ཡོང་འབབ་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད།ཞི་ཅིན་ཕིང་གིས་ཚང་མ་ཟོག་འགྲེམས་ཀྱི་འཐབ་ས་མདུན་མར་གནས་ཡོད་ལ་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཕྱོགས་དང་པོ་ཡང་གནས་ཡོད།ཁྱེད་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ཚོང་ཟོག་མང་པོ་ཞིག་རི་མཚོ་བརྒྱུད་ནས་འཛམ་གླིང་ཐོག་བསྐྱོད་ཀྱི་ཡོད་པས་ཁྱེད་ཚོའི་ལས་དོན་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།ནུབ་རྒྱུད་སྒོ་འབྱེད་ཆེན་པོ་དང་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པར་སྐུལ་འདེད་གཏོང་བར་ཟོག་འགྲེམས་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社