分享按钮

དཔལ་གླིང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་འཐབ་ས་མདུན་མར་ཡོད་པ་དགུའི་ལས་ཀའི་ཐབས་ལམ་འཚོལ་ཞིབ་བྱས་པ།

ཉེ་བའི་ལོ་ཤས་རིང་། དཔལ་གླིང་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་ཟབ་ཟོབ་ལ་དག་ཐེར་བྱེད་པ་གོ་སྐབས་སུ་བྱས་ཏེ་མང་ཚོགས་དང་འབྲེལ་བ་དམ་ཟབ་མེད་པ་དང་མང་ཚོཊ་ལ་ཞབས་འདེཊ་ཞུ་བར་ཧེ་བག་ཡོད་པ་སོགས་ཀྱི་གནད་དོན་ལ་དམིཊ་ནས་འཐབ་ས་མདུན་མར་ཡོད་པ་དགུ་ཡི་ལས་ཀའི་ཐབས་ལམ་འཚོལ་ཞིབ་དང་ཁྱབ་སྤེལ་ཧུར་ཐག་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུཊ་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མཉམ་སྐྲུན་དང་།མཉམ་སྐྱོང་།མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

འཐབ་ས་མཐུན་མར་རྩ་འཛུགས་འཛུགས་སྐྱོང་རྒྱུན་འཁྱོངས་བྱས་པ། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་རྨང་གཞིར་བྱེད་པ་དང་སྡེ་ཁུལ་དུ་བཅའ་སྡོད་སྡེ་ཚན་གྱི་ཏང་འཛུགས་སྐྱོང་ལས་དོན་རྟེན་གཞིར་བྱས་ནས་སྡེ་ཁུལ་ཏང་རྩ་འཛུགས་དང་།དྲ་མིག་ཏང་ཚོགས་ཆུང་། ཏང་ཡོན་གྱི་འབྲེལ་གཏུག་དུད་ཚང་བཅས་ཀྱི་རྩ་འཛུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དོན་གྲོས་མཐུན་སྦྱོར་དང་།མཉམ་སྡོད་མཉམ་འདྲེས་མཉམ་སྐྲུན། ཕྱོགས་གཉིས་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་བཅས་འཚོལ་ཞིབ་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྡེ་ཁུལ་ལས་དོན་གྱི་སྟོབས་ཤུགས་ཀྱིས་སྡེ་ཁུལ་མང་ཚོགས་ལ་ཁྱིམ་གྱི་སྒོ་འགྲམ་དུ་ཞབས་ཞུ་སྤུས་ལེགས་དང་དོ་དམ་ཞིབ་ཚགས་བྱེད་པར་སྐུལ་ཁྲིད་བྱས་ཡོད། དྲ་ཐོག་ནས་འབྱོར་ཐོ་འགོད་པའི་བློ་རིག་བྱ་རིམ་ཆུང་ཆུང་ལ་བརྟེན་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-26 6 6 拉萨日报藏文 c180081.html 1 དཔལ་གླིང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་འཐབ་ས་མདུན་མར་ཡོད་པ་དགུའི་ལས་ཀའི་ཐབས་ལམ་འཚོལ་ཞིབ་བྱས་པ། /enpproperty-->