分享按钮

རང་གྲོང་གི་མེ་ཏོག་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་རང་གྲོང་གི་མེ་ཏོག་ཁྲོམ་རར་བཀྲག་མདངས་འཚེར་བའི་མེ་ཏོག་མང་པོ་འབྱོར་ཡོད། དེས་མི་རྣམས་ལ་དཔྱིད་དུས་ཀྱི་སྣང་བ་ཟབ་མོ་སྦྱིན་ཡོད་ལ་གྲོང་མིའི་ཉོ་སྒྲུབ་ཀྱི་སྤྲོ་སེམས་ཀྱང་འཕེལ་བར་བྱས་ཡོད།

ཉིན་ཤས་གོང་། གསར་འགོད་པ་ཞོལ་གྲོང་ཚོར་གནས་པའི་མེ་ཏོག་སྡེབ་ཚོང་ཁྲོམ་ར་ཞིག་ཏུ་སླེབས་སྐབས་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བཞིན་ཡོད་ཅིང་། གང་སར་དཔྱིད་དུས་ཀྱི་རྣམ་པ་ཟབ་མོ་ལྡན་ཡོད། མེ་ཏོག་ཚོང་ཁང་གི་མེ་ཏོག་སྒྲོམ་སྟེགས་རེ་རེའི་སྟེང་གི་མེ་ཏོག་སྣ་ཚོགས་ཀྱིས་མི་རྣམས་ཀྱི་མིག་དབང་དབང་མེད་དུ་འཕྲོག་པར་བྱེད་ཅིང་། གྲོང་མི་མི་ཉུང་བ་ཞིག་དེ་གར་མེ་ཏོག་ཉོ་བར་ཡོང་གི་ཡོད།

ཚོང་པ་ལིའུ་ལཊ་ཀྱིས་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ང་ཚོའི་ཚོང་ཁང་ནང་མེ་ཏོག་མང་པོ་འབྱོར་ཅིང་མེ་ཏོག་ཉོ་བར་ཡོང་མཁན་གྱི་གྲོང་མི་ཡང་མང་དུ་འགྲོ་བཞིན་ཡོད། མིག་སྔར་མེ་ཏོག་རིཊ་100ལྷག་ཙམ་ཡོད་ལ་དེ་དང་ཆབས་ཅིག་ང་ཚོས་དྲ་ཐོག་གི་ཕྱིར་འཚོང་ཐབས་ལམ་བརྒྱུད་ནས་མེ་ཏོག་འཚོང་གི་ཡོད་པས་ཚོང་ཡག་པོ་འདུག་ཅེས་བཤད།

དཔྱིད་རླུང་ལྡང་བ་དང་བསྟུན་ནས་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད། དཔྱིད་དུས་ནི་མེ་ཏོག་སྐྱེ་འཚར་མགྱོགས་པའི་དུས་ཚིགས་ཡིན་པར་མ་ཟད། མེ་ཏོག་བདག་སྐྱོང་བྱེད་པའི་གནད་འགག་ཀྱང་ཡིན། དེས་ན་མེ་ཏོག་ལ་ཆུ་ལུད་ཚད་དང་རན་པ་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179948.html 1 རང་གྲོང་གི་མེ་ཏོག་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་པ། /enpproperty-->