(པར་ངོས་གཉིས་པར་མཐུད)རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཀྱི་ཕན་ནུས་རང་བཞིན་ཆེ་རུ་ཕྱིན་ནས་རྣམ་པ་ཟབ་མོ་ཆགས་པ། སྡེ་ཚན་གྱིས་གྲོང་ཚོ་དང་སྡེ་ཚན་གྱི་ཁོངས་མི་1630ཡིས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཆུ་རྒྱུག་རྒྱུག་ངང་སྤྱོད་ཐུབ་པ་དང་། ཚན་ཁག་གི་ཁོངས་མིའི་བསྡོམས་འབོར་གྱི་བརྒྱ་ཆ་84.2བཟུང་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་བེད་སྤྱོད་ཆུ་ཚད་ཚད་ལེན་ཚོད་ལྟའི་ཚད་ལོན་ཚད་བརྒྱ་ཆ་90ཡན་ཟིན་ཡོད།
བཞི་ནས་སྦྱོང་སྤྱོད་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་དགོས། “ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ”དང“བུད་མེད་ཀྱི་མཚན་མོའི་སློབ་གྲྭ”ཡིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཤེས་བྱའི་འོད་ཟེར་འཕྲོ་ཞིང་། འོད་ཟེར་འོག་གི་འདམ་གཞུང་རྩྭ་ཐང་དུ་ཕྱུགས་འཚོ་ས་ནས་ཕྱིར་ལོག་པའི་འབྲོག་པ་མང་ཚོགས་གྲོང་ཚོ་ཨུ་ལྷན་དུ་འཛོམས་ནས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་རྫོང་དང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་རེས་མོས་ཀྱིས་འགྲེལ་བཤད་བརྒྱབ་པའི་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཤེས་བྱ་དང་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་ཤེས་བྱ་ཉན་བཞིན་ཡོད། ཞིང་ཁུལ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་རྒྱུན་དུ་ནས་འདི་འདྲ་བའི་བྱེད་སྒོ་སྤེལ་གྱི་ཡོད་ཅིང་། སློབ་ཁྲིད་ལ་ཞུགས་མཁན་ནི་རིམ་པ་ཁག་གི་ཤང་དང་གྲོང་ཚོ་མཉམ་འབྲེལ་གྱི་འགོ་ཁྲིད་ལས་བྱེད་པ་དང་། གྲོང་ཁྱེར་དང་རྫོང་སྡེ་ཁག་གི་ཏང་ཡོན་ལས་བྱེད་པ། དགོན་སྡེར་བཅའ་སྡོད་ཏང་ཡོན་ལས་བྱེད་པ་བཅས་ཡིན། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་མེད་ཀྱང་ཁོང་ཚོས་ནག་པང་ཞིག་དང་ས་སྨྱུག་གཅིག་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་འདུན་པ་མཚོན་གྱི་ཡོད་པས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་དུང་ཟབ་ཏུ་ཕྱིན་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁག་གཅིག་གིས་སློབ་ཚན་ཞིང་ནང་དུ་སྤོས་ནས་མང་ཚོགས་ཀྱིས་རྨོ་འདེབས་བྱེད་པའི་དུས་ཚོད་དང་བསྟུན་ནས་སྤེལ་རེས་དང་གྲོས་བསྡུར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ལ་ཤེས་རྟོགས་དང་བེད་སྤྱོད་གཏིང་ཟབ་ཏུ་བཏང་བ་རེད།
ལྔ་ནས་སྦྱོང་སྤྱོད་ཀྱི་བརྩེ་དུང་བརྒྱུད་སྤྲོད་བྱེད་དགོས། ལྷ་ས་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ཁག་དང་པོ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཞིག་ཡིན་པ་དང་། འུན་ཤིང་ཀོང་ཇོ་དང་། ཐང་བོད་མནའ་འབྲེལ་རྡོ་རིང་། བོད་སྡོད་ཨམ་བན་ཡ་མོན། ལྷུན་གྲུབ་ཞིང་ར། གྲོང་ཁུལ་རྙིང་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒོ་ར་བཅས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱུན་མཐུད་བྱེད་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་རྗེས་ཤུལ་དང་རིག་དངོས་ཤུལ་བཞག་མང་པོ་ཞིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་སྣ་ཚོགས་མངོན་པར་བྱས་ཡོད། གཏམ་རྒྱུད་དེ་དག་ལག་པ་ཆུང་ཆུང་རེ་རེ་བཞིན་ཡིག་ཤོག་གི་ཤོག་ངོས་རེ་རེ་བཞིན་བྲིས་ཡོད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། པེ་ཅིང་དང་ཅང་སུའུ་ཡི་སློབ་གྲྭ་ཁག་གི་གྲོགས་པོ་ཆུང་ཆུང་ཚོའི་སེམས་སུ་འཇགས་པར་བྱས་ཡོད་པ་རེད། 2023ལོར་གུང་གཞོན་ཚོགས་པ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སློབ་གྲྭ་འབྲིང་ཆུང་ཁག་གི་ལོ་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་བྱས་ནས་པེ་ཅིང་དང་ཅང་སུའུ་ཡི་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ལོ་ཆུང་གདོང་ལེན་རུ་མི་དང“འཕྲིན་ཡིག་གིས་ལག་གདང་སྦྲེལ་བ”ཞེས་པའི་བྱེད་སྒོ་སྤེལ་ཏེ་འཕྲིན་ཡིག་1849བསྐུར་ཞིང་། འཕྲིན་ལན་1122འབྱོར་ནས་ཅང་སུའུ་ལན་ཡུན་ཀང་གི་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་དང་རུ་མི་ཡག་པོ་ཞིག་བྱེད་པར་བརྩོན་ལེན་བྱེད་པའི་གསར་བརྗེའི་གཏམ་རྒྱུད་མཉམ་སྤྱོད་དང་ཐུན་མོང་ཐོག་འཚར་ལོངས་ཡོང་བའི་གཙོ་དོན་རུ་ཁག་གི་སློབ་ཚན་སྤེལ་བ་རེད།
ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔྱིད་རྨོད་ཀྱི་ཞིང་ནང་དུ་བོད་རྒྱའི་ཀུན་སྤྱོད་སྐད་ཡིག་སྤེལ་རེས་བྱེད་པའི་ཞིང་འབྲོག་མང་ཚོགས་གང་སར་མཐོང་ཐུབ། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་རྒྱུད་ཀྱི་མི་རིགས་ཁག་གི་ཚོང་པ་དང་། སྡེ་ཁུལ་ཁག་གི་མང་ཚོགས། བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་འཐབ་ས་དང་པོའི་མི་རིགས་ཁག་གི་ལས་མི། དེ་བཞིན་གཏེར་རི་དང་། ཁེ་ལས། སློབ་གྲྭ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་གང་སར་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཁོལ་བའི་རྣམ་པ་ཞིག་གིས་ཁེངས་ཡོད། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་ཡོད་པའི་འདམ་གཞུང་རྫོང་རྩྭ་ཐང་དུ་ས་གནས་དེ་གའི་འབྲོག་པ་མང་ཚོགས་བོད་རྒྱ་ཀུན་སྤྱོད་སྐད་ཡིག་སྤེལ་རེས་ལ་གོམས་ཡོད། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་མི་སེམས་སུ་ཟུག་པས་ལྷ་སའི་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་ནས་མི་རིགས་ཁག་གི་རིག་གནས་ལ་ཡིད་ཆེས་ཆེ་རུ་ཕྱིན་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社