(པར་ངོས་དང་པོར་མཐུད)ཡུན་རིང་འབད་འཐབ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་འགན་ལེན་དང་སྐུལ་འདེད་གཏོང་དགོས་པ་བསྟན་གནང་ཡོད།
ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་བྱ་སྤྱོད་དངོས་ལ་བརྩིས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ལམ་ལུགས་ལམ་སྲོལ་ལ་འགན་ལེན་བྱས་ནས་ཚུགས་གནས་མཐོ་ཞིང་། ལས་ཆོད་ཆེ་བ་དང་སྤུས་ཚད་མཐོ་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་དགོས་པ་དང་། རང་རྟོགས་ཀྱིས་རང་འཁྲིའི་ལས་ཀ་དེ་ལྗོངས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་ཇུས་འགོད་དང་། བསམ་གཞིགས། སྐུལ་འདེད་བཅས་གཏོང་དགོས་པ་དང་། དོན་དངོས་བསྒྲུབ་པའི་ཐད་སེམས་ཤུགས་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་འབད་འཐབ་ལྷོད་མེད་བྱེད་པའི་ཁྲོད་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་བྱས་རྗེས་དངོས་གཏོད་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་དམར་འདོན་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ་དྲང་ཕྱོགས་ཀྱི་དཔེ་མཚོན་འདི་ཉིད་ཚད་གཞི་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་འདི་ཉིད་དཔྱད་གཞིའི་མེ་ལོང་དུ་བཟུང་ནས་ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་གཞི་ཚུགས་པ་དང་འབྲས་བུ་ཐོན་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། སྒྲིག་སྲོལ་གྱི་ལམ་ལུགས་འཛུགས་པ་དང་སྒྲིག་སྲོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་ལམ་ལུགས་འཛུགས་པ་དང་སྒྲིག་སྲོལ་འཛུགས་པ་དེ་རྩ་བཅོས་ཀྱི་ཐབས་ཇུས་སུ་བརྩིས་ནས“དུས་ཐོག་ཏུ་སྒྱུར་བཅོས”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་འདི་ཉིད་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ཡུན་ཕན་ཅན་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ལ་ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་དང་ལམ་ལུགས་ལ་བརྟེན་ནས་ལས་དོན་སྒྲུབ་པ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པར་འབད་འཐབ་ལྷོད་མེད་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་ལྕག་བྱེད་དགོས་པའི་ནན་གསུངས་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社