分享按钮

ཆུ་ཤུར་རྫོང་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆུ་ཤུར་རྫོང་གི“གསེར་གྱི་ཁ་བཏགས་སྨན་ལས་དེང་རབས་ཅན་གྱི་བོད་སྨན་འདུལ་སྦྱོང་ལྟེ་གནས”དང་།“རྒྱལ་ཡོངས་ཀྱི་གྲགས་ཅན་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་ཉི་མ་ཚེ་རིང་གི་རྒྱུན་འཛིན་ལས་དོན་ཁང” “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བོད་ལུགས་གསོ་རིག་བརྒྱུད་སྤེལ་རྟེན་གཞི”སོགས་སྒོ་བྱང་གསུམ་འགེལ་བའི་མཛད་སྒོ་འཚོགས་པ་རེད།

བྱེད་སྒོའི་ཁྲོད། མི་སྣ་ཡོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིའི་འདུལ་སྦྱོང་འཁོར་ཁང་དུ་ཕེབས་ནས་ཡུལ་དངོས་སུ་གཟིགས་སྐོར་གནང་བ་དང་།བོད་ལུགས་གསོ་རིག་དང་བོད་སྨན་བཟོ་བའི་བརྒྱུད་རིམ་ལ་མཁྱེན་རྟོགས་གནང་བ་རེད། དེ་སྔའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་ཉི་མ་ཚེ་རིང་གིས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིས་ང་ཚོར་ལས་སྟེགས་ཧ་ཅང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཕྱིས་འབྱུང་། ང་ཚོས་སྲོལ་རྒྱུན་བོད་སྨན་གྱི་རྨང་གཞིའི་ཐོག་དེང་རབས་ཅན་གྱི་ལག་རྩལ་སྤྱད་དེ་སྲོལ་རྒྱུན་བོད་སྨན་ལེགས་བཅོས་བྱས་ནས་དེ་བས་ལེགས་པའི་བོད་སྨན་བཟོ་རྒྱུ་ཡིན་ཞེས་བཤད།

ཆུ་ཤུར་རྫོང་གིས་ཀྱང་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སི་སྣེ་ཁྲིད་དུ་བྱེད་པ་དང་།ཚལ་སྣེ་ཤང་གི་ཀྲུང་བོད་སྨན་རྫས་འདེབས་འཛུགས་རྟེན་གཞི་དཔེ་སྟོན་དུ་བྱེད་པ། ཆུ་ཤུར་རྫོང་སྨན་རྩིས་ཁང་རྟེན་གཞིར་བྱེད་པ། མུའུ་བརྒྱའི་དྲོད་ཁང་ཆེན་མོའི་བོད་ལུགས་གསོ་རིག་གི་སྨན་ཁྲུས་ཁང་དང་བོད་སྨན་གྱི་འཕུར་མཉེད་སོགས་ཁྱད་ལྡན་ཉམས་ལེན་རྣམ་གྲངས་སྣུར་སྲིང་བྱེད་པ་བཅས་བྱས་ཏེ། སྨན་བཅོས་དང་།སློབ་གསོ།ཚན་ཞིབ། ཐོན་ལས་མཉམ་འདྲེས་བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་དེ། ཆུ་ཤུར་རྫོང་གི་བོད་ལུགས་གསོ་རིག་གི་ཐོན་ལས་སྦྲེལ་ཐག་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།ཆུ་ཤུར་རྫོང་གི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-25 6 6 拉萨日报藏文 c179943.html 1 ཆུ་ཤུར་རྫོང་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ། /enpproperty-->